Tuesday, August 28, 2012

གངས་ཕྲུག་ཅིག་གི་བསྟོད་དབྱངས།




 






ཉིན་བྱེད་དབང་པོའི་གཟི་བྱིན་དང་ལྷན་དུ།
ཁྱེད་ཉིད་ཀྱི་མཚན་སྙན།
འཛམ་གླིང་གི་མཁའ་དབྱིངས་སུ་ལྡིང་།
ཞི་བདེ་དང་དབུ་མའི་ལམ་ནས།
འཛམ་གླིང་ཡངས་པའི་ཁྱོན་འདིར།
བདེ་སྐྱིད་ཀྱི་ཁོར་ཡུག་བསྐྲུན།

Friday, August 24, 2012

ལྡོམ་བུའི་དུང་བརྗོད་སྙན་ངག་ཚན་པ་གསུམ།

རྩོམ་པ་པོ། ལྡོམ་བུ།

བསམ་གྱིན་བསམ་གྱིན། ངུ་སྙིང་ཞིག་ཀྱང་འདོད་འོང་།

ཚུལ་འཆོས་དང་གསོག་གསོབ་ཀྱིས་གཙེས་ཐེངས་རེར།
ངས་ཁྱེད་ཀྱི་གཡའ་དག་པའི་ངོ་གདོང་དང་།
སྐར་ཆེན་ལྟ་བུའི་མིག་ཟུང་ཟིམ་ཟིམ་བྱེད་པའི་ངང་ཚུལ་དེ།
རེ་རེ་བཞིན་དྲན་གསོ་བཏང་དགོས་བྱུང་།

ཡིག་ཚད་ཀྱི་སྔ་ཕྱིར་བྲིས་པའི་སྙན་ངག



དུག་སྦྲང་དང་ཚ་བའི་རྒྱལ་ཁམས་ཕར་བརྒལ་རྗེས།
ཚིག་གསར་དང་དྲི་བ་མང་བའི་ཡུལ་ཁམས་ཤིག་ཚུར་མངོན་ཡོང་།
--------ཐོག་མའི་རོལ་དབྱངས།

ན་ནིང་ཡིག་རྒྱུགས་མ་འཕྲད་པས།
དམིགས་འདུན་ཞེས་པའི་སྒྲུང་གཏམ་ཞིག་ལེགས་གྲུབ་བྱུང་།
ད་ལོ་ཡིག་རྒྱུགས་མ་འཕྲད་ན

Wednesday, August 22, 2012

ང་དང་ཀ་ཁ་ག་ང་།




ལྷོ་ཕྱོགས་མ་ལ་ཡ་ཡི་ནགས་མཐའ་འདི་རུ།།

རང་གི་འདོད་འདུན་འགྲུབ་པའི་དོན་ཞིག་དབེན་ལ།།

རང་ཉིད་གཏན་སྡོད་ཆོག་པའི་གནས་ཤིག་མེད་པས།།

སེམས་ཀྱི་རྟ་ཕོ་གངས་རིའི་དབུ་རྩེར་འཕུར་འགྲོ།།