Tuesday, September 11, 2012

གསར་དུ་བཞད་པའི་ལང་ཚོ།


 ངོ་མཚར་བའི་གཏམ་རྒྱུད་ཅིག་གི་གླེང་གཞི་བྲིས་པས།
ངའི་འཚོལ་སྙེགས་ཀྱི་འདུན་པ་ལ་གསོན་ཤུགས་རྒྱས།
----མགོ་བརྗོད།

མག་མོག་གི་ལོ་ཟླ་དུ་མར་གཉིད་དུ་ཡུར།
སྐུ་དྲག་གི་ཐོབ་དང་དབང་ཆར་རང་དབང་བྱིན།
འདི་ལྟར་བརྒྱུད་རིམ་ཞིག་ནས།
ཁྲག་དང་མིག་ཆུའི་ལེའུ་ཞིག

ས་སྟེང་དུ་དྲངས་པ། ད་བལྟས་ན་འགྱོད་པའི་གཞི་གཅིག
མུན་པ་བཞིན་ནག་ཅིག་སྟུག

ཉིན་མཚན་མང་པོར་སྡུག་ཡུས་འགམ་བཞིན།
ཡུལ་གྱར་གྱི་གོམ་ཁ་བཏུས།
ལོ་ཟླ་མང་པོར་མིག་ཆུ་རྒུམ་བཞིན།
རྩམ་སྐྱ་དང་ཇ་རྐྱང་ལ་རོལ་བས།
ད་གཟོད། ལས་དབང་གི་དཀྱོག་མཚམས་ནས།
ཁྱེད་ཚོ་འཕུར་བྱུང་།
རླུང་རྟ་བཞིན། ཕྱེ་ལེབ་བཞིན།
ཕྱོགས་མཐའ་ཀུན་ཏུ་འཕུར་བྱུང་།

༧གོང་ས་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་སྐར་དང་སྟབས་བསྟུན་མ་ཡུམ་སློབ་གྲྭར་བགྲོ་གླེང་དང་དྲི་འགོད་སོགས་ཕྱི་ནང་གི་སྐད་རིགས་དུ་མའི་ཐོག་གོ་སྒྲིག་བྱས་པར་ཟུར་དུ་ཞུགས་རྗེས།
རྩོམ་གྱི་ཡོང་ཁུངས་<<བརྩེ་བས་ལྟེམས་པའི་ལོ་ཟླ།>>

No comments:

Post a Comment