Monday, December 20, 2010

The Joy of Finding one's Roots in a Foreign Country

མི་ཡུལ་ས་མཐའ་ཞིག་ནས་རང་གི་རྩ་བ་རྙེད་པའི་དགའ་སྣང་།                                                                                                                                       
                                                       TENZIN NYINJEY

                                             བསྟན་འཛིན་སྙིང་རྗེ།

A year ago I went to meet the eminent Tibet historian Prof. Eliot Sperling, who
teaches at the Indiana University in US, at a coffee shop in the streets of
McleodGanj, Dharamsala. The meeting took place just a few days before I was to
leave for the US to study English literature. During our conversation, I sought
his views about my passion to study English literature in the US and whether I
would find good professors who could teach me well enough, so that my goals to
write well in English would one day bear fruit. His instant reaction was not
very encouraging at the time – he advised me to read the Tibetan classics before
plunging myself into the sea of English literature.

ལོ་གཅིག་གི་གོང་ལ་ང་དབྱིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་སློབ་ཁྲིད་བྱེད་བཞིན་པའི་བོད་ཀྱི་རྒྱལ་རབས་སྨ་བ་སློབ་དཔོན་ཆེན་མོ་ཨི་ལི་ཊ་ས་པུར་ལིང་ལ་ཐུག་འཕྲད་ཀྱི་ཆེད་རྡ་སའི་གངས་སྐྱིད་ཀྱི་ཁ་ཧྤེ་ཚོང་ཁང་ཞིག་ལ་སོང་། ཐུག་འཕྲད་དེ་ནི་ང་ཨ་རིར་དབྱིན་ཇིའི་རྩོམ་རིག་སྦྱོང་དུ་མ་འགྲོ་བའི་ཉིན་འགའི་སྔོན་དུ་རེད། ངེད་གཉིས་ཀྱི་གཏམ་གླེང་སྐབས་ངས་ངའི་ཨ་རིར་དབྱིན་ཇིའི་རྩོམ་རིག་སློབ་འདོད་པར་ཁོང་ལ་དགོངས་ཚུལ་ག་རེ་ཡོད་མེད་དྲིས་ཤིང་། ང་ལ་འདོད་པ་བཞིན་སློབ་ཐུབ་པའི་སློབ་དཔོན་ཚད་ལྡན་རག་ཐུབ་མིན་དྲིས། དེ་ལྟར་བྱུང་ཚེ་ཉིན་གཅིག་ངའི་དབྱིན་ཡིག་ནང་དུ་རྩོམ་སྤུས་དག་རེ་འབྲི་བའི་འདུན་པ་མངོན་འགྱུར་བྱེད་ཐུབ། ཁོང་གི་ལན་ནི་དེ་འདྲ་སེམས་འགུལ་ཐེབས་པ་ཞིག་མ་རེད་དེ། ཁོས་ང་ལ་དབྱིན་ཇིའི་རྩོམ་རིག་གི་མཚོ་མོར་མ་འཛུལ་གོང་བོད་ཀྱི་སྲོལ་རྒྱུན་གྱི་རྩོམ་རིག་ཀློག་དགོས་པའི་བསླབ་བྱ་གནང་བྱུང་།

I found him a bit discouraging and annoying then. However, I didn’t realize that
he was simply saying in his own way what His Holiness has been advising us to do
for so many years –that along with modern education learn also the traditional
education of Tibet, which is possible only through Tibetan language!

སྐབས་དེར་ངས་ཁོང་ནི་སེམས་ཤུགས་གཅོག་མཁན་ཞིག་དང་ཅུང་ཁོང་ཁྲོ་སློང་མཁན་ཞིག་ཏུ་མཐོང་བྱུང་། འོན་ཏེ་ངས་ཁོང་གིས་རང་ངོས་ནས་༧གོང་ས་མཆོག་གིས་དུས་རྟག་ཏུ་ང་ཚོར་བཀའ་སློབ་གནང་བཞིན་པ་དེ་བཤད་པ་ཤེས་མ་བྱུང་། དེ་ནི་དེང་རབས་ཀྱི་སློབ་སྦྱོང་དང་མཉམ་དུ་བོད་སྐད་ཡིག་ཁོ་ནའི་ལམ་ནས་སྦྱོང་ཐུབ་པའི་བོད་ཀྱི་སྲོལ་རྒྱུན་སློབ་སྦྱོང་ཡང་སྦྱོང་དགོས་ཟེར་བ་དེ་རེད།

 Being born and brought up in India, once a colony of Great Britain, English
language has never been a problem for refugee Tibetan students like us. We have
been used to speaking, reading and, at times, writing in English – in fact all
our communication with our friends in far away corners of the world are done in
English through emails. We are also used to watching American soap operas,
movies, reality shows. However, it is an altogether a different experience
living suddenly in the same country that produced all these entertainment shows.
No matter how well versed you are in English language, speaking it with
Americans in America is quite a challenging task for any one.

ཐེངས་ཤིག་དབྱིན་ཇིའི་མངའ་འོག་ཏུ་གནས་མྱོང་བའི་རྒྱ་གར་དུ་སྐྱེས་ཤིང་འཚར་བས་ན། ང་ཚོ་བོད་མི་སྐྱབས་བཅོལ་བའི་བུ་ཕྲུག་དག་ལ་དབྱིན་ཡིག་གི་དཀའ་ངལ་འཕྲོད་མྱོང་མེད། ང་ཚོས་དབྱིན་སྐད་འཆད་མྱོང་ལ་དབྱིན་ཡིག་ཀློག་མྱོང་བར་མ་ཟད། མཚམས་རེར་འབྲི་ཡང་མྱོང་སྟེ། ཕྱོགས་མཐའ་ཁག་ན་གནས་པའི་གྲོགས་པོ་ཚོར་འབྲེལ་བ་བྱེད་དུས་གློག་འཕྲིན་བརྒྱུད་དབྱིན་ཡིག་གིས་བྱེད་བཞིན་ཡོད། ད་དུང་ང་ཚོས་ཨ་མི་རི་ཀའི་གཏམ་བརྗོད་ཟློས་གར་དང་།  གློག་བརྙན། རིག་རྩལ་ལེ་ཚན་བཅས་ཀྱང་བལྟས་མྱོང་ཡོད། དེ་ལྟར་ལགས་མོད་ཀྱང་། གློ་བུར་དུ་ལྟད་མོ་འདི་ཚོ་བཟོ་བསྐྲུན་བྱ་སའི་རྒྱལ་ཁབ་དེ་རང་དུ་གནས་སྡོད་བྱེད་པ་ནི་ཉམས་མྱོང་གཞན་ཞིག་རེད། དབྱིན་སྐད་ལ་བྱང་ཆ་ཅི་ཙམ་ཡོད་རུང་།  ཨ་རི་ནས་ཨ་རི་བར་གཏམ་གླེང་བྱེད་པ་ནི་ཤིན་ཏུ་དཀའ་ཁག་གི་བྱ་བ་ཞིག་རེད།

Apart from the minor problems a non-native English speaker faces while
communicating in English, which can be dealt with easily as time progresses and
one gains more exposure, the most severe and life changing crisis one faces is
that you never feel at home speaking English in the US – you always miss your
own language, which you can’t speak with any of the American people.

དབྱིན་ཡིག་རང་སྐད་མིན་པའི་མི་ཚོར་དབྱིན་ཡིག་ནས་འབྲེལ་མཐུད་བྱེད་དུས་འཕྲོད་བཞིན་པའི་དཀའ་ངལ་ཆུང་ཚགས་དེ་ཚོ། དུས་ཚོད་རིམ་བཞིན་འགྲོ་བ་དང་། ཉམས་མྱོང་མང་ཙམ་བསགས་རྗེས་ལས་སླ་པོས་སེལ་ཐུབ་པར་ཕུད།  དཀའ་བ་རབ་ཏུ་ཆེ་ཞིང་མི་ཚེའི་ཁ་ལོ་བསྒྱུར་བར་བྱེད་པའི་དཀའ་ཁག་ཅིག་འཕྲོད་བཞིན་པ་ནི། ཨ་རིར་ཁྱིམ་དུ་སྡོད་དུས་དབྱིན་སྐད་རྒྱག་མི་འདོད་པ་དེ་རེད། དུས་རྟག་ཏུ་ཨ་རིའི་མིས་གོ་མི་ཐུབ་པའི་རང་གི་ཡུམ་སྐད་དྲན་པར་བྱེད་ཀྱི་རེད།

But like the Newtonian law, every crisis brings with it an equal opportunity,
and the identity crisis of the sort that I went through in the US brought the
greatest and the most enriching opportunity in my life – the realization of the
fact that until and unless one is rooted deeply in one’s own culture and
history, one is never going to gain the kind of self-confidence needed to
achieve any goals in this life.

རེད་དེ་ནུའུ་ཏོ་ནིའི་ཁྲིམས་(ཡང་ན་ཆོས་ཉིད --སྒྱུར་མཁན་གྱི་མཆན)བཞིན། དཀའ་ཁག་ཚང་མས་དེ་དང་མཉམ་པའི་གོ་སྐབས་ཀྱང་ཁུར་ཡོང་ལ། རང་གི་ངོ་བོ་སྲུང་སླད་ང་ཨ་རིར་ཕྱིན་པ་དེས་ཀྱང་ངའི་མི་ཚེའི་ནང་རླབས་ཆེ་བའི་གོ་སྐབས་ཤིག་ཁུར་བྱུང་བ་སྟེ། མི་ཞིག་རང་གི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་ལ་རྐང་བརྟན་པོ་ཞིག་མ་ཚུགས་བར་དུ། མི་ཚེ་ཧྲིལ་བོར་དམིགས་ཡུལ་གང་ཞིག་སྒྲུབ་པར་ཉེ་བར་མཁོ་བའི་གདེང་ཚོད་དེ་རྙེད་མི་ཐུབ་པ་ཤེས་རྟོགས་བྱུང་།

With this realization, I decided to visit Dharamsala during this summer break,
so that I could spend some valuable time at the Library of Tibetan Works and
Archives, reading Tibetan history and culture. Of course, when I was working in
Dharamsala, I often visited the Library and borrowed books on Tibet, but all
these books were in English and hence authored by western scholars of Tibet. All
these efforts have been very helpful to me, as they have given me a rare
understanding and insight of our history and culture.

གོ་རྟོགས་འདིས་རྐྱེན་པས། ང་ལོ་འདིའི་དབྱར་གནང་སྐབས་རྡ་རམ་ས་ལར་འགྲོ་རྒྱུའི་ཐག་བཅད་པ་ཡིན། དེ་འདྲ་བྱས་ཚེ། ངས་བོད་རིག་པའི་དཔེ་མཛོད་ཁང་ནས་རིན་ཐང་ལྡན་པའི་དུས་ཚོད་བཏང་སྟེ་རྒྱལ་རབས་ལོ་རྒྱུས་དང་རིག་གནས་གཞན་ལའང་འཇུག་ཐུབ། བཤད་མི་དགོས་པ་ཞིག་ལ་ངས་རྡ་རམ་ས་ལར་བྱ་བ་སྒྲུབ་སྐབས་དཔེ་མཛོད་ཁང་དུ་སོང་ནས་བོད་སྐོར་གྱི་དཔེ་དེབ་གཡར་མྱོང་ཡང་། དཔེ་དེབ་དེ་དག་དབྱིན་ཡིག་ཏུ་ཡོད་པས་ན་རྩོམ་པ་པོའང་ནུབ་ཕྱོགས་པ་བོད་དོན་ཐོག་མཁས་པ་དེ་ཚོ་རེད། ཁོ་ཚོའི་བརྩམས་ཆོས་བཀླགས་པ་དེས་ང་ལ་རང་གི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་གི་ངོས་ཟིན་ཐོབ་པའི་ཕན་ཐོགས་ཆེན་པོ་བྱུང་།

Despite all these efforts, I have never cared to pick up a Tibetan classic and
read it. I do know many classical authors from the West, but when it comes to
our own writers, there is hardly any one whose work I am familiar with and whom
I can recommend to my fellow Tibetan readers. Except, perhaps, for Gendun
Choephel, there is hardly any one whose work I read and gained insight from!

ངས་དེ་ལྟར་ཀློག་མྱོང་ཡང་བོད་རང་གི་སྲོལ་རྒྱུན་དཔེ་དེབ་ཅིག་ཡར་སྒྲུག་སྟེ་ཀློག་པ་ཡི་ལའང་ཤར་མ་མྱོང་། ངས་ནུབ་ཕྱོགས་པའི་སྲོལ་རྒྱུན་རྩོམ་པ་པོ་མང་པོ་ཞིག་ཧ་གོ་ཡང་། བོད་རང་གི་རྩོམ་པ་པོ་གླེང་ཡོང་སྐབས་ང་ལ་ཆ་རྒྱུས་ཡོད་པའི་ཁོ་ཚོའི་བརྩམས་ཆོས་ཤིག་དང་རང་དང་འདྲ་བའི་བོད་ཀྱི་ཀློག་པ་པོ་ཚོར་ངོ་སྤྲོད་བྱེད་ཐུབ་པ་ཞིག་ཧ་ལམ་མི་འདུག དགེ་འདུན་ཆོས་འཕེལ་ལས་གཞན་ངས་ཀློག་མྱོང་བ་དང་ཆ་རྒྱུས་ཡོད་པའི་བརྩམས་ཆོས་ཤིག་གི་རྩོམ་པ་པོ་ཞིག་ཕལ་ཆེར་མི་འདུག

I have always found exiled Tibetans (this includes myself) – especially
intellectuals, be it a writer, poet, essayist, activist - searching for his or
her identity. Their works might be brilliant, they might ever have found some
recognition in our community, but I have always found something missing in them.
I haven’t seen the joy and self-confidence that sparkles in the eyes of
intellectuals from other free countries.

ངས་མཐོང་སྣང་ལ་བཙན་བྱོལ་བའི་བོད་མི་བྱིངས་དང་(འདིའི་ནང་ངའང་ཚུད་ཡོད)ལྷག་པར་དུ་ཡོན་ཏན་པ་ཚོ་སྟེ།  རྩོམ་པ་པོ་དང་། སྙན་ངག་པ། ལས་འགུལ་བ་སོགས་སུ་ཡིན་རུང་རང་གི་མིང་གྲགས་དོན་དུ་གཉེར་བཞིན་འདུག ཁོ་ཚོའི་ལས་ཀ་རླབས་ཆེན་ཡིན་ཡང་རུང་། ཁོ་ཚོར་ང་ཚོའི་སྤྱི་ཚོགས་ནས་ངོས་འཛིན་ཐོབ་ཡོད་ཀྱང་ཆོག  ངས་ནི་ག་དུས་ཡིན་ཡང་ཁོ་ཚོར་ཅི་ཞིག་ཆད་ཡོད་པའི་སྣང་བ་ཤར་གྱི་འདུག རང་དབང་རྒྱལ་ཁབ་གཞན་གྱི་ཡོན་ཏན་པ་ཚོའི་མིག་ན་འཚེར་བཞིན་པའི་ཆོད་སེམས་དེ་དང་དགའ་སྣང་དེ་ངས་ཁོ་ཚོ་ལས་མཐོང་མ་བྱུང་།

The root of this problem to me lies in the fact that we are not strongly rooted
in our own culture and history – we never showed enough respect to our own
history and culture, never cared to read the huge amount of Tibetan literature
available in our midst. Without a solid foundation in our own history and
culture, how could we expect to make a contribution to global culture and claim
that Tibetan culture is worth preserving in the 21st century?

ཁོ་བོ་ལྟར་ན་དཀའ་ངལ་འདིའི་རྩ་བ་ནི་ང་ཚོ་རང་གི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་ལ་རྐང་བརྟན་པོ་ཞིག་མ་ཚུགས་པར་ཐུག་འདུག་སྟེ། ང་ཚོས་རང་གི་རིག་གཞུང་དང་རྒྱལ་རབས་ལོ་རྒྱུས་ལ་དགོས་ངེས་ཀྱི་ཆེ་མཐོང་སྤྲོད་མ་མྱོང་ལ། རང་གི་མདུན་དུ་ཡོད་པའི་གཏོས་ཆེ་བའི་བོད་ཀྱི་རྩོམ་རིག་བལྟ་ཀློག་ཙམ་ཡང་བྱེད་མ་མྱོང་། སོ་སོའི་རྒྱལ་རབས་ལོ་རྒྱུས་དང་རིག་གཞུང་ལ་རྨང་གཞི་བརྟན་པོ་ཞིག་མ་ཆགས་པར་ང་ཚོས་འཛམ་གླིང་གི་རིག་གཞུང་ལ་ཞབས་འདེབས་ཞུ་བའི་འདུན་པ་ཇི་ལྟར་འཆང་། བོད་ཀྱི་རིག་གཞུང་འདི་དུས་རབས་ཉེར་གཅིག་པར་ཡང་རྒྱུན་འཛིན་བྱེད་པའི་རིན་ཐང་ལྡན་ཞེས་ཇི་ལྟར་སྒྲོགས།

If we really care about our own country, if we wish to regain our freedom, the
first basic step is for us to learn Tibetan well, and read the Tibetan authors,
so that the real Tibetan in us is reawakened! Or else I believe we lose our
moral right to condemn
the Chinese of destroying our rich culture and identity back in our homeland Tibet!
ང་ཚོ་ངོ་མ་རང་གི་རྒྱལ་ཁབ་ལ་ཤ་ཚ་ཡོད་པ་དང་རང་དབང་སླར་གསོ་བྱེད་འདོད་པ་ཡིན་ན། རིམ་པ་དང་པོ་དེ་བོད་ཡིག་ཡག་པོ་ཞིག་སྦྱངས་ཏེ་བོད་ཀྱི་རྩོམ་པ་པོ་ཚོའི་བརྩམས་ཆོས་བཀླག་རྒྱུ་དེ་རེད། དེ་ལྟར་བྱས་ན་ད་གཟོད་ང་ཚོའི་ནང་ངོས་ཀྱི་བོད་མི་ངོ་མ་དེ་གཉིད་ལས་སད་འོང་། དེ་མིན་ན་ངའི་བསམ་པར་ང་ཚོས་རྒྱ་མིར་རང་ཡུལ་བོད་དུ་རིག་གཞུང་ཕྱུག་པོ་དེ་དང་རང་གི་ངོ་བོ་བཅས་གཏོར་བཤིག་བཏང་བར་སྐྱོན་བརྗོད་བྱེད་པའི་རང་དབང་དེ་ཡང་ཤོར་བ་རེད།

Thursday, December 2, 2010

གོལ་ལམ་དུ་འཕྱན་པའི་༼ཐ་སྙད་གསར་བ།༽

བོད་ཀྱི་གནས་སྟངས་ཉག་ཕྲ་བར་གྱུར་བའི་སྐབས་འདིར་རང་རེའི་བོད་ལ་ཤ་ཚ་བ་ཀུན་གྱིས་ཤར་ནུབ་ཀྱི་རྒྱལ་ཁབ་སོ་སོ་ནས་བོད་ཀྱི་དོན་དུ་ཁ་ལག་གཉིས་ཀ་འགུལ་བཞིན་པ་ནི་དགའ་བའི་གནས་སུ་མཆིས། ལྷག་པར་དུ་དཔལ་འབྱོར་འདུ་འགོད་ཆེས་མྱུར་བའི་ནུབ་གླིང་དུ་ཐོན་ཡང་རང་ཉིད་ཚ་རླབས་དེའི་ཁྲོད་མ་འཐིམས་པར་རིགས་ཞེན་གྱིས་ཀུན་ནས་བསླངས་ཏེ་སྐད་ཆ་འཆད་བཞིན་པ་ནི་ང་ཚོས་མིག་དཔེར་བཟུང་ན་ཅིས་མི་ཆོག དེ་ཡང་ཉེ་བའི་ཆར་བོད་ཀྱི་དུས་བབ་སྟེང་དུ་ཅོ་རི་ཉི་མ་ཞུ་བ་ཞིག་གིས་མེས་པོའི་ཚུར་བླངས་སྙིང་སྟོབས་ལ་དཔེ་བྱས་ནས་དེང་གི་ཆར་ང་ཚོའི་མདུན་དུ་ལྷགས་པའི་གནས་ཚུལ་མང་པོ་ཞིག་ཐག་བཅད་དགོས་པའི་བསམ་ཚུལ་སྤེལ་འདུག་པར་རྗེས་སུ་ཡི་རངས་ཞུ་བ་དང་
ཁོང་གི་བཤད་པ་ཐལ་དྲགས་པ་རྣམས་ལ་སྐྱོན་བརྗོད་དང་དགག་པ་མང་ཙམ་ཡོད་པར་མཁྱེན་ཞེས་པའི་དགོངས་པ་གཞིར་བཟུང་ནས་ཁོ་བོས་ཀྱང་བསམ་ཚུལ་འགའ་སྤེལ་བའི་འདུན་པ་བྱུང།                                       
                

Saturday, October 23, 2010

སྤྲུལ་སྐུ་དང་དེར་ལད་འབྲི་བྱས་པའི་སྒྲུང་གཏམ་འགའ་གླེང་བ།


དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ཡས་མས་ནས་བོད་ཁུལ་དུ་དུས་དེབ་དང་ཚགས་པར་སོགས་བཏོན་མགོ་ཚུགས་ཡོད་འདུག་ལ་དེ་ནས་བཟུང་བོད་དུ་དེང་རབས་རྩོམ་རིག་གི་དབུ་ཚུགས་པ་ཀུན་གྱིས་མགྲིན་གཅིག་ཏུ་སྨྲ། སྐབས་དེར་དག་ནས་དེང་རབས་བོད་ཀྱི་རྩོམ་པ་པོ་འབོར་ཆེན་ཞིག་ཆར་རྗེས་ཀྱི་ཤ་མོ་བཞིན་རྡོལ་བྱུང་ལ་རྩོམ་པ་པོ་དོན་འགྲུབ་རྒྱལ་ལ་ཁོ་ཚོའི་སྣེ་ཁྲིད་པའམ་རུ་འདྲེན་དཔའ་བོ་ལྟ་བུའི་གདེང་འཇོག་ཐོབ། སྒྲུང་གཏམ་གྱིི་ཕྱོགས་ནས་ཁོང་གི་གསར་རྩོམ་གྱི་སྙིང་སྟོབས་མཚོན་ནུས་ཤིང་འཐུས་ཚབ་རང་བཞིན་དུ་གྱུར་པ་ནི་སྤྲུལ་སྐུཡིན་པར་སྙམ་སྟེ་རྩོམ་པ་པོ་མང་པོས་ལ་སྐུརཚོད་མཐོ་བོས་ལྟ་སྟངས་འཛིན་བཞིན་ཡོད་པ་དང་ཀློག་པ་པོའི་ཁྲོད་ནས་ཀྱང་སྤྲུལ་སྐུའི་ལེགས་ཉེས་གླེང་མཁན་ནི་ཁོང་གི་བརྩམས་ཆོས་གཞན་(སྒྲུང་གཏམ)རྣམས་ལ་གདེང་འཇོག་དང་ངན་སྨྲས་བྱེད་མཁན་ལས་ཆེས་ཆེར་བརྒལ་ཡོད།  སྤྲུལ་སྐུའི་དུས་སྐབས་ནི་བོད་ཡུལ་དུ་ལྷ་མེད་སྨྲ་བའི་སློབ་གསོ་སྤེལ་ནས་ལོ་ངོ་བཅུ་ཕྲག་གཉིས་ཙམ་སོང་བ་དང་ཕྱི་ཕྱོགས་སུ་སྒོ་དབྱེ་དང་ཆོས་ལུགས་དད་པ་རང་མོས་ཟེར་ནས་དགོན་སྡེ་རྣམས་སླར་གསོ་བྱེད་བཅུག་པའི་དུས་སྐབས་སུ་འཁེལ་བས་རང་རེའི་རྩོམ་སྟེགས་སུ་བརྩམས་ཆོས་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་སྒུལ་ཤུགས་ཤིག་ཐེབས་བཅུག་པ་དང་དེའི་ཕྱོགས་སུ་བགྲོ་གླེང་བྱེད་པ་ཡང་གཞན་རྣམས་ལས་རྣོ་ངར་ལྡན། དེང་སྐབས་སུའང་གཟུར་གནས་མཁས་དབང་མང་པོས་སྤྲུལ་སྐུ་རང་རེའི་རྩོམ་སྟེགས་སུ་བྱུང་བ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་ཅེས་མགྲིན་དབྱངས་གཅིག་གིས་སྨྲ་བས་སྤྲུལ་སྐུས་ཆེས་ཞེན་པ་ལོག་དགོས་པའི་ལོ་རྒྱུས་ཤིག་བསྐྱུར་མེད།
      འོན་ཀྱང་འུ་ཅག་གི་"སྔོན་བྱོན་བླ་མའི་རྣམ་ཐར།། ཕྱི་རབས་གདུལ་བྱའི་ཉམས་ལེན།།"ཟེར་བ་ལྟ་བུའི་སྲོལ་རྒྱུན་འདུ་ཤེས་འཛིན་སྟངས་ཤིག་གམ་ཡང་ན་རྐྱེན་ཅི་ཞིག་གིས་ཡིན་མི་ཤེས་མོད། འུ་ཅག་ནི་འདི་འདྲའི་ལད་ཟློས་བྱེད་པར་དགའ་ཞིང་ལད་འབྲི་བྱེད་པར་སྤྲོ་བ་རེད་ཨང་།  སྤྲུལ་སྐུ་སྤེལ་ནས་ལོ་ངོ་ཉི་ཤུ་ཙམ་སོང་བའི་དུས་ཡུན་ཐུང་ཐུང་འདིའི་ནང་སྤྲུལ་སྐུ་ལ་ལད་འབྲི་བྱས་པའི་རྩོམ་ཡིག་འབོར་ཆེན་ཐོན་པ་མ་ཟད། ཁོ་ཚོས་རྩོམ་གྱི་ཁ་བྱང་མི་གཅིག་པ་མ་གཏོགས་བརྗོད་བྱ་ནི་ཕལ་ཆེར་མཚུངས་ཏེ་བླ་རྒན་ཞིག་གིས་བུ་མོ་ཞིག་ལ་མགོ་སྐོར་བཏང་ནས་ལོག་གཡེམ་བྱས་པའི་སྐོར་རེད།དེ་ཚོ་ལས་ཚབ་མཚོན་ཙམ་ཞུས་ན་ཧི་ར་འཇའ་པེ་ཡི་ལོ་མའི་ཟིན་ཐོ་ལྟ་བུར་མཚོན་ན། དཔལ་དོན་འགྲུབ་རྒྱལ་གྱི་སྤྲུལ་སྐུ་ལས་གོམ་གང་མདུན་སྤོས་ཀྱི་ཚབ་ཏུ་ཕྱིར་བསྣུར་འདོམ་གང་བྱས་པར་མཐོང་སྟེ་དེ་ནི་གཙོ་བོ་ཁོའི་སྐད་ཆའི་སྒྱུ་རྩལ་གྱི་ཐོག་ནས་རེད། སྒྲུང་གཏམ་གྱི་རྣམ་པའི་ཐོག་ནས་བལྟས་ན་ལོ་མའི་ཟིན་ཐོ་ནི་སྒྲུང་འཆད་མཁན་གཞན་ཞིག་གིས་སྤྲུལ་སྐུ་བཤད་སྟངས་ཅུང་ཟད་མ་འདྲ་བའི་ཐོག་ནས་བཤད་པ་དང་མཚུངས་པ་མ་གཏོགས་ཁོའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་མངོན་ཡོད་པ་མ་མཐོང་
     བཙན་བྱོལ་ཁུལ་དུ་སྒྲུང་གཏམ་ལ་བརྩི་ཆོག་མིན་གྱི་བརྩམས་ཆོས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ལ་དེ་ཚོའི་ཁྲོད་ཀྱི་མང་པོ་ཞིག་"མི་རིགས་"དང་"ལ་རྒྱ་"ལྟ་བུའི་ཁ་གཡང་ཁྲོད་འཐིམ་པ་དང་ཁ་ཤས་ཤིག་མུ་འབྲེལ་གློག་བརྙན་དང་བརྩམས་ཆོས་གཞན་ལ་ལད་མོ་བྱེད་པ་ཁོ་ན་ལས་དུས་རབས་ཀྱི་འཐུས་ཚབ་རང་བཞིན་དུ་གྱུར་པའི་སྒྲུང་གཏམ་ཞིག་ད་ལྟ་ད་དུང་གཞི་གྲུབ་མེད་པར་སྙམ། ཡིན་ཡང་ཉེ་ཆར་ཁ་བ་དུས་དེབ་ནང་གི་སྒྲུང་གཏམ་ཁ་ཤས་ནི་ངོ་མ་སྨོན་ཡུལ་འདུག་ལ་(དཔེར་ན།མཐོ་སྒང་གི་ཁ་བ་ལེབ་མོ་ལྟ་བུ)དེ་ཚོར་རང་གཤིས་བྱེ་བྲག་པ་རེ་ཆགས་ཡོད་མེད་མི་ཤེས་ཀྱང་བཙན་བྱོལ་ཁུལ་དུ་ཆ་མཚོན་ན་དེ་ཚོ་ནི་ཁ་ཕྱོགས་བཟང་པོ་ཞིག་ཏུ་འདོད་ཡོད།
        སྤྲུལ་སྐུར་ལད་འབྲི་བྱེད་པའི་ཕྱོགས་ནས་གླེང་ན་ཟླ་འོད་གཞོན་ནུ་འདོན་ཐེངས་གཉིས་པའི་ནང་དུ་ལྷ་འདྲེས་དབང་བསྒྱུར་བའི་འཇིག་རྟེན་དང་གཟུགས་མེད་སེམས་ཀྱི་རྨ་ཁཞེས་པ་གཉིས་བྱུང་།  སྒྲུང་གཏམ་དེ་གཉིས་ཀ་ཚིག་དོན་གཉིས་ཀྱི་ཐོག་ནས་དཔྱད་རིན་ཡོད་པ་ཞིག་ཏུ་མ་མཐོང་ཡང་མེད་པ་ནས་ཡོད་པར་གྱུར་མ་ཐག་པའི་རང་རེའི་བཙན་བྱོལ་ཁུལ་གྱི་རྩོམ་རིག་ལ་དམིགས་ནས་ལྟ་ཚུལ་འགའ་གླེང་ཁུལ་བྱེད་ན། སྒྲུང་གཏམ་དེ་གཉིས་ཀ་གྲགས་ཅན་རྩོམ་ཡིག་ལ་ལད་འབྲི་བྱེད་རྒྱུར་རྔམ་པ་ཁོ་ན་ལས་རང་མི་རིགས་ཀྱི་མཛེས་དཔྱོད་ལྟ་ཚུལ་ལ་སྣང་འཇོག་མ་བྱས་པ་མ་ཟད། གོང་གི་སྤྲུལ་སྐུ་དང་ལོ་མའི་ཟིན་ཐོ་སོགས་ཀྱི་སྤྲུལ་སྐུ་ནི་སྤྲུལ་རྫུན་ཞིག་ལས་སྤྲུལ་སྐུ་དངོས་མིན་ཡང་ལྷ་འདྲེས་དབང་བསྒྱུར་བའི་འཇིག་རྟེན་དང་གཟུགས་མེད་སེམས་ཀྱི་རྨ་ཁགཉིས་ཀྱི་ནི་སྤྲུལ་སྐུ་དང་གྲྭ་བ་ཡིན་པ་མ་ཟད། བུ་མོ་གཉིས་ལའང་མགོ་སྐོར་མ་དགོས་པ་ཡ་ལན་སྟེར་བ་བཅས་རང་མི་རིགས་ཀྱི་ཡོད་ཚད་ལ་འཕྱ་སྨད་བྱེད་པ་ལྟ་བུ་རྩོམ་པ་པོས་བརྗོད་བྱ་འདེམས་སྟངས་ཀྱི་ཕྱོགས་ནས་ཀྱང་ཅུང་ཐལ་ཆེར་བའི་སྐྱོན་འདུག  དེ་ཡང་དེང་གི་དཔྱད་བརྗོད་པ་དང་མཁས་དབང་རེ་ཟུང་གིས་སྤྲུལ་སྐུའི་ཞན་ཆ་གླེང་སྐབས་སྤྲུལ་སྐུ་རྫུན་མར་གྱུར་པ་ནི་དོན་འགྲུབ་རྒྱལ་གྱི་སྐྱོན་ཆེ་ཤོས་དེ་ཡིན་པར་བཤད་པ་དང་(ཁོ་ཚོས་སྤྲུལ་སྐུའི་ལམ་ལུགས་ལ་རྒོལ་བའི་ཁུལ་རེད)འབྲེལ་བ་དམ་ཟབ་ཡོད་པར་སྣང་ལ་གོ་སླ་བར་བཤད་ན་ཁོ་ཚོ་དཔྱད་བརྗོད་པ་དེ་དག་གི་རྒྱ་རྙི་ལས་འགོངས་ཐུབ་མེད། ངོས་གཞན་ཞིག་ནས་བལྟས་ན་བོད་ནང་གི་བརྩམས་སྒྲུང་ཕལ་མོ་ཆེ་ལྟར་ཁོ་ཚོས་ཀྱང་དངོས་ཡོད་དགག་སྒྲུབ་རིང་ལུགས་སྤྱད་ཅི་ཐུབ་བྱེད་བཞིན་ཡོད་ལ། བསམ་བཞིན་དུའམ་བསམ་བཞིན་མ་ཡིན་པར་མར་ལེ་རིང་ལུགས་ཀྱི་ལྷ་མེད་སྨྲ་བའི་ལྟ་གྲུབ་ཀྱང་ཁྱབ་བསྒྲགས་བྱེད་བཞིན་ཡོད(དེའང་བོད་ནང་དང་མཚུངས)། ད་དུང་སྒྲུང་གཏམ་དང་པོར་མི་སྣ་མང་དྲགས་པས་མི་སྣ་གཙོ་བོ་རབ་རིབ་ཏུ་གྱུར་པ་དང་སྒྲུང་གཏམ་གཉིས་པ་ཡང་ཚིག་སྦྱོར་སྒྲིག་སྟངས་སོགས་དེ་འདྲ་ལེགས་པོ་ཞིག་མ་མཐོང་

མ་རི་ཨོ་ཝར་གཱས་ལཱོ་ཟ་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ།



པེ་རུ་དང་སི་པན་བའི་རྩོམ་པ་པོར་བསྔགས་ཤིང་ཁོང་གི་མི་རབས་ཀྱི་གྲགས་ཅན་སྒྲུང་གཏམ་བར་བརྩི་བའི་མ་རི་ཨོ་ཝར་གཱས་ལཱོ་ཟ་༼དགུང་ལོ་༧༤༽ལ་ད་ལོའི་ནོ་བྷེ་རྩོམ་རིག་བྱ་དགའ་ཐོབ་ཡོད་པ་རེད། དེ་ཡང་"ཁོང་གི་སྟོབས་ཤུགས་ཀྱི་མ་ལག་ཚགས་སུ་བསྒྲིགས་པ་དང་། མི་སྒེར་གྱི་ངོ་ལོག་དང་། ངོ་རྒོལ། ཕམ་ཁ་བཅས་ཀྱི་གཟུགས་བརྙན་འབུར་དུ་དོད་པར་མཚོན་པ་"བཅས་ལ་བྱ་དགའ་དེ་ཕུལ་ཡོད་འདུག
བྱ་དགའ་ཁྱབ་བསྒྲགས་བྱས་རྗེས་ས་ཝེ་དའི་དྲུང་ཆེ་པོ་ཊར་ཨན་ལུན་ཌས་གསུང་རྒྱུར་སྐུ་ཞབས་ལཱོ་ཟ་ལགས་ནི་"ལ་ཏིན་ཨ་མེ་རི་ཁའི་སྒྲུང་གཏམ་པ་རླབས་ཆེན་ཞིག་དང་། འཛམ་གླིང་ཡར་རྒྱས་གཏང་བར་སྒྲུང་གཏམ་ལ་ནུས་པ་ཡོད་པར་ཡིད་ཆེས་གནང་མཁན་ཞིག་རེད"ཅེས་ཟེར།
སྐུ་ཞབས་ལཱོ་ཟ་ལགས་ནི་ཁོང་གི་འབྲི་ཐབས་ཁྱད་པར་བ་སྟེ་མི་བསད་གྱོད་གཞི་དང་བརྩེ་དུང་གི་གཏམ་རྒྱུད་སོགས་ལ་བྱང་ཆ་ཡོད་པར་མ་ཟད། ཁོང་གི་ཤན་ཤུགས་ཀྱི་ནུས་པ་ཆེ་བའི་སྒྲུང་རིང་དག་ལ་ཁོང་བཞུགས་སའི་པེ་རུ་དང་ལ་ཏིན་ཨ་མེ་རི་ཁའི་ས་ཁུལ་གཞན་གྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་འཁོད་ཡོད།
དཔེར་ན་ཁོང་གི་རྡོ་རིང་ལྟ་བུའི་བརྩམས་ཆོས་<<ལྷ་ཁང་ཆེན་མོའི་གཏམ་གླེང་>>ལྟ་བུར་མཚོན་ན་པེ་རུ་བའི་ཆབ་སྲིད་ཀྱི་ཉམ་ཉེས་དང་། སྒེར་གཅོད་པ་མ་ནུལ A ཨོ་ཌར་ཡའི་འོག་གི་སྲིད་གཞུང་གི་བཤུ་གཞོག་བཅས་ཡིད་གཟབ་ཀྱིས་བྲིས་ཡོད།
དསྐུ་ཞབས་ལཱོ་ཟ་ལགས་ཐོག་མར་རྒྱལ་སྤྱིར་གྲགས་པ་འབར་དུས་ནི་༡༩༦༣ ལོ་སྟེ་ཁོང་གི་སྒྲུང་རིང་<<དཔའ་བོའི་དུས་སྐབས>>དཔར་དུ་བསྐྲུན་སྐབས་རེད། དཔེ་དེབ་དེ་རུ་ཁོང་གིས་དམག་མིའི་སློབ་གྲྭར་འགྲིམས་སྐབས་ཀྱི་ཉམས་མྱོང་བྲིས་ཡོད་ནའང་། པེ་རུ་ཁུལ་གྱི་རྩོད་རྙོག་ཀྱང་བྲིས་ཡོད་པས་"སློབ་གྲྭའི་ལས་བྱེད་པས་མི་དམངས་ཀྱི་མདུན་དུ་དཔེ་དེབ་སྟོང་ཕྲག་གཅིག་མེ་རུ་བསྲེགས།"

བརྩམས་ཆོས།
ཁོང་གི་བརྩམས་ཆོས་གྲགས་ཅན་གཞན་ཞིག་ནི་<<ཆུ་སྲིན་གྱི་སྟོན་མོ>>(ཡང་ན་རའི་སྟོན་མོ)*(༢༠༠༠)ཞེས་པ་དེ་ཡིན་ཞིང་། སྒྲུང་གཏམ་དེ་ཡང་སྲིད་དོན་གྱི་རྙོག་གླེང་སྐོར་ཡིན་པ་དང་། དོ་མི་ནི་ཁཱང་མི་སེར་རྒྱལ་ཁབ་ཀྱི་གཙོ་འཛིན་ར་ཧྥལ་ཊར་རུ་ཇི་ལཱོའི་༡༩༣༠ལོ་ནས་༡༩༦༡ལོའི་བར་གྱི་སྒེར་གཅོད་ལ་གཞི་བཞག་ནས་བྲིས་པ་ཞིག་ཡིན། ཁོང་གི་བརྩམས་ཆོས་གཞན་རྣམས་ནི་<<ཨ་སྲུ་ཇུ་ལི་ཨ་དང་འཁྲབ་གཞུང་རྩོམ་པ་པོ>>(༡༩༧༧) <<འཛམ་གླིང་གི་དུས་མཐའི་དམག་འཁྲུག>>(༡༩༨༡)བཅས་དང་། ཉེ་དུས་བྲིས་པའི་<<ཨེན་དཱས་ནང་གི་སྲོག་སྐྱོན>>(༡༩༩༣)སོགས་རེད།
ལཱོ་ཟའི་བྱིས་དུས།
ལཱོ་ཟ་ལགས་ནི་པེ་རུ་ཁུལ་གྱི་ཨ་རེ་ཁུའུ་པ་ཞེས་པའི་ས་ཆ་དེར་འཁྲུངས་ཤིང་། ཕ་མ་གཉིས་ཁ་བྲལ་རྗེས་ཨ་མ་དང་མཉམ་དུ་བྷོ་ལི་ཝི་ཨ་རུ་སོང་སྟེ་དེར་འཚར་ལོང་བྱུང་། ༡༩༤༦ ལོར་ཁོང་གི་ཁྱིམ་སླར་པེ་རུ་རུ་སྤོས་ཤིང་ཕ་མ་གཉིས་བསྐྱར་མཐུན་བྱུང་རྗེས་ལི་མ་རུ་གཞི་ཆགས།
ལཱོ་ཟ་ལགས་ཡི་ཤུ་ཁེ་ཐོ་ལིག་སློབ་གྲྭ་དང་<<དཔའ་བོའི་དུས་སྐབས>>ཀྱི་རྒྱུ་ཆ་རྙེད་སའི་ལི་ཨོ་ཟི་ཨོ་པ་ར་དཱོ་དམག་མིའི་སློབ་གྲྭ་བཅས་འགྲིམས་ཤིང་། ཕྱིས་སུ་མཱ་ཌ་རི་ཌར་ཁྲིམས་དང་རྩོམ་རིག་ལ་སྦྱོང་པ་བྱས།
ཁོང་གིས་སྔ་ཕྱིར་ཆང་ས་ཐེངས་གཉིས་ཙམ་བརྒྱབ་ཅིང་། ༡༩༩༠ ལོར་སྲིད་དོན་ལའང་ཞུགས་མོད། ལམ་ལྷོང་དེ་ཙམ་མ་བྱུང་། ཉེ་བའི་ལོ་འདི་འགར་ཁོང་གྲོང་ཁྱེར་ལོན་ཏོན་དང་། པེ་རི་ས། ལོ་མ། མ་ཌ་རི་ཌ། བྷ་སེ་ལོ་ན་བཅས་ལ་བཞུགས་ཀྱིན་ཡོད།