Friday, June 24, 2011

སུན་སྣང་།


 
ངའི་བྱ་སྤྱོད་ལ་སོ་བལྟ་བྱེད་གཞིན་པའི་མི་ཚོ་དང་།
ཡང་ལྗིད་རྒྱ་མར་འདེགས་བཞིན་པའི་མི་དག
གྲོགས་པོ་ཚོ་དང་གྲོགས་པོ་ཚོའི་གྲོགས་པོ་ཚོ།
གྲོགས་པོ་ཚོའི་མཛའ་མོ་ཚོ་དང་གྲོགས་པོ་ཚོའི་གྲོགས་པོ་ཚོའི་མཛའ་མོ་ཚོ།
ཁ་པར་ནང་གི་གྲོགས་པོ་ཚོ་དང་དྲ་རྒྱའི་ཐོག་གི་གྲོགས་པོ་ཚོ།

ཁ་པར་དང་དྲ་རྒྱ།
ཉེ་འཁྲིས་ཀྱི་ང་དང་འབྲེལ་བ་ཡོད་པའམ་མེད་པའི་མི་ཚོ།
དེ་དག་གི་འདུག་གནས་དང་ཉེར་སྤྱོད།
རྒྱང་རིང་ནས་ཁ་པར་གཏོང་འོང་བའི་ཁྱིམ་མི་དང་ཉེ་འབྲེལ།
དུས་རྒྱུན་ང་ཚོར་ཅི་ཞིག་འཁྲིད་བཞིན་པའི་དགེ་རྒན་ཚོ།

ང་དང་འབྲེལ་བ་ཨེན་ཙམ་ཡོད་པའི་དཔེ་དེབ་དང་སྨྱུ་གུ།
རང་གིས་འདང་ཆེན་བརྩི་བའི་སྙན་ངག་དག
ཅོག་ཙེ་དང་འདུག་སྟེགས་རྙིང་སོང་དེ།
ཉལ་ཁྲི་དང་ཉལ་གདན་ཟད་པོ་དེ།
དུས་ནས་དུས་སུ་དུག་སྦྲུལ་བཞིན་རྒྱུགས་འོང་བའི་
           སྤྲོ་སྐྱིད་དང་ཡིག་ཚད།
འདི་དག་ཡོད་ཚད།ཐོག་མ་ནས་ང་དང་འགྲོགས་ཤིང་
           ད་དུང་ཡང་འགྲོགས་ངེས་པའི་འདི་དག་ཡོད་ཚད།
རྒྱང་རིང་རྒྱང་རིང་ཞིག་ཏུ་བསྐྱུར་ཏེ།
མུ་མེད་ལ་མཐའ་མེད་པའི་སྟོང་བའི་དབྱིངས་ཤིག་ནས།
མཐོ་ནས་མཐོ་རུ་འཕགས་པའམ།
གཏིང་ནས་གཏིང་དུ་ཟགས་སོང་ན།༢༠༡༠  ༡༡  ༩

No comments:

Post a Comment