ཨ་ཕ་རྡོ་དགའ་རྨི་ལམ་དུ་མཇལ་རྗེས།
ངུ་དགོས་བསམ་དུས་མིག་ཆུ་མེད་པ་དེ།
འཚར་ལོངས་བྱུང་བ་ཡིན་ནམ།
ཡང་ན། ས་ལམ་གང་ཞིག་བརྙེས་པ་ཡིན་ནམ།
ད་མིན་ན། འ་ཆད་འུ་ཐུག་གི་འཚོ་བ་འདིས།
ངའི་ཡོད་ཚད་བརྐུས་པ་ཡིན་ནམ།
གང་ལྟར། མིག་ཆུ་མ་བཏང་བར་ཡུན་རིང་སོང་།
མེས་པའི་ངག་རྒྱུན་དུ།
སྡུག་ན་འཆི་མ་མི་གཏོང་བ།
སྐྱེས་པ་ཕོ་ཡི་རང་གཤིས་སུ་བརྗོད་མོད།
ཁྱེད་ཀྱི་ཁྱོར་སྟེང་དུ་འཚར་ལོངས་བྱུང་བའི་ང་།
ཁྱེད་ལ་རྒྱུས་ཡོད་ངེས་པས།
ཨ་ཕ་ལགས། ངུ་བར་དགའ་བའི་ཁྱེད་ཀྱི་ཕྲུ་གུ་ང་ལ།
མིག་ཆུ་མེད་པ་དེ་འཚར་ལོངས་བྱུང་བ་རེད་དམ།
འཚོ་བའི་དཀའ་ཁག་གི་ཚེར་ཕུང་དུ་འཛེག་པའི་བྱེའུ་ཆུང་ངས།
སྐྱིད་སྡུག་གི་ཆར་ཉི་གང་མང་ཞིག་གདོང་གིས་བསུས་རྗེས།
སྨིན་ཐག་ཆོད་པའི་ཚེར་ཏོག་ཞིག་གམ།
ན་ཚོད་མ་ལོན་པའི་བྱེའུ་ཆུང་ཞིག་ལྟར།
ཚོར་བ་མཚོན་པའི་མིག་ཆུ་ཐིགས་གཅིག་མེད་པ་དེ།
འཚར་ལོངས་བྱུང་བ་རེད་དམ།
ཁྱེད་དང་བྲལ་རྗེས་ནས། མིག་ཆུ་མ་བཏང་བར་ཡུན་རིང་སོང་།
༢༠༡༡ ༧ ༡༤

No comments:
Post a Comment