Monday, December 12, 2011

དེང་རབས་ཕྱི་མའི་རིང་ལུགས་ཀྱི་སྙན་ངག་ཅིག





ཆང་རག་རྔམ་འཐུང་བྱེད་བཞིན་པའི་སྤྲེའུ་འགས་མིའི་རིགས་ཀྱི་འཚོ་གནས་ཀྱི་ཉེན་ཁ་གླེང་དུས།
མུ་གེས་མནར་བཞིན་པའི་སྤྲང་པོ་འགས་རྒྱལ་པོའི་ཕོ་བྲང་གི་འདོད་ཡོན་ལ་ཞེན་ཁ་ལོག་ཚུལ་བཤད་དུས།
སྙིགས་རོའི་ཁྲོད་ཀྱི་སྦྲང་ནག་འགས་སྦྲང་རྩིའི་མངར་ཁ་གླེང་དུས།
ངས་ཀྱང་སྙན་ངག་འདི་འདྲ་ཞིག་བྲིས་ནས་འདི་ནི་དེང་རབས་ཕྱི་མའི་རིང་ལུགས་ཀྱི་སྙན་ངག་གོ་ཞེས་སྨྲས་དགོས་བྱུང་། 
ཞི་འཚོ་དཔེ་མཛོད་ཁང་གི་མདུན་ཐང་དུ།

No comments:

Post a Comment