Sunday, March 3, 2013

Robert Frost quotes རོ་བྷེ་ཊ་ཧྤ་རོ་སི་ཊིའི་འཁོལ་ཚིག


The brain is a wonderful organ; it starts working the moment you get up in the morning and does not stop until you get into the office
ཀླད་པ་འདི་ཡན་ལག་ཡ་མཚན་ཅན་ཞིག་རེད།  ཞོགས་པར་ལངས་པ་དང་འདིས་ལས་ཀ་བྱེད་མགོ་འཛུགས་ཤིང་ལས་ཁུངས་སུ་མ་སླེབས་བར་དུ་མཚམས་མི་བཞག
A mother takes twenty years to make a man of her boy, and another woman makes a fool of him in twenty minutes.
ཨ་མ་ཞིག་ལ་མཚོན་ན་རང་གི་བུ་དེ་མི་ཆ་ཚང་བར་བྱེད་པར་ལོ་ཉི་ཤུ་ཙམ་འགོར་མོད།  བུད་མེད་གཞན་ཞིག་གིས་ཁོ་རྨོངས་པར་བྱེད་པར་སྐར་མ་ཉི་ཤུ་ལས་མི་འགོར།
Two roads diverged in a wood and I - I took the one less traveled by, and that has made all the difference.
ནགས་གསེབ་ནས་ལམ་གཉིས་ཕྱོགས་སོ་སོར་བསྲིངས་འདུག  ངས་མི་དེ་ཙམ་སོང་མེད་པའི་ལམ་དེ་བདམས་པ་ཡིན།  དེས་ལེགས་པའི་གྲུབ་འབྲས་འདི་རྣམས་བྱུང་བ་རེད།
Half the world is composed of people who have something to say and can't, and the other half who have nothing to say and keep on saying it.
འཛམ་གླིང་ཕྱེད་ཀ་དེ་ཅི་ཞིག་བཤད་རྒྱུ་ཡོད་ཀྱང་བཤད་མི་ཐུབ་པའི་མིས་གྲུབ་འདུག་ཅིང་།  ཕྱེད་ཀ་གཞན་དེ་ཅི་ཡང་བཤད་མེད་ཀྱང་མཚམས་མེད་པར་ཤོད་བཞིན་པའི་མིས་གྲུབ་འདུག
A bank is a place where they lend you an umbrella in fair weather and ask for it back when it begins to rain.
དངུལ་ཁང་ནི་གནམ་གཤིས་ཡག་དུས་ཁྱེད་ལ་ཆར་གདུགས་གཡར་ཞིང་།  ཆར་མགོ་བཙུགས་པ་དང་ཆར་གདུགས་ཕྱིར་ཁུར་འགྲོ་བའི་ས་ཆ་ཞིག་རེད།
Poetry is when an emotion has found its thought and the thought has found words.
ཚོར་བས་བསམ་བློ་རྙེད་ཅིང་། བསམ་བློས་ཐ་སྙད་རྙེད་པ་ལ་སྙན་ངག་ཅེས་འབོད།

No comments:

Post a Comment