Wednesday, March 14, 2012

ལྷ་རམས་འཇམ་ནོར་དང་སྒྲུང་གཏམ་པ་འཇམ་ནོར་གཉིས་ལ་བཤད་རྒྱུའི་སྐད་ཆ་འགའ།

ལྷ་རམས་འཇམ་ནོར་ལ་བཤད་རྒྱུའི་སྐད་ཆ་འགའ།


ཁ་ཉིན་ངས་ལྷ་རམས་འཇམ་ནོར་ཟེར་བ་དེའི་རྩོམ་འཁྱོག་ཅིག་ལ་ཡིན་ལུགས་འགའ་བཤད་པས། ཁོས་འགྲིག་མ་སོང་མདོག་མདོག་གིས་དྲ་ངོས་ཀྱི་རྩོམ་ཉོག་མཆན་ཉོག་མང་པོ་ཞིག་བསྒྲུག་འོང་སྟེ་འདི་ཚོར་ལན་ཐོབས་ཞེས་སྡུག་སྐད་བརྒྱབས་འདུག དེ་ནི་བྱེད་ཐབས་ཡ་ང་བ་ཞིག་སྟེ་རང་གིས་ཕ་རོལ་པོར་བརྒོལ་སྙམ་ཡང་། ཕ་རོལ་པོ་ཕམ་པར་བྱེད་ཐུབ་ངེས་ཀྱི་ཡིག་རྩལ་ནི་མེད་ལ་ཡིན་ལུགས་བཤད་བསམས་ཀྱང་རང་ཉིད་ཀྱི་སྔར་བཤད་པ་དང་འཆད་འགྱུར་གང་ལའང་ཕྱོགས་ལྷུང་དང་སྐྱག་རྫུན་ཁོ་ན་ལས་དྲང་བདེན་ཀྱི་གཏམ་ཚིག་གཅིག་མེད་པས། བྱེད་ཐབས་བྲལ་ཏེ་ངོ་ཚ་རྒྱབ་ཏུ་བོར་ནས་རང་དང་འདྲ་བའི་དྲ་འབུ་སྐོར་ཞིག་གི་མཆན་ཉོག་དེ་དག་བརྐུས་ཏེ་ང་ལ་ལན་འདེབས་




དགོས་ཚུལ་གྱི་བཀའ་བཏང་ཁུལ་བྱས་པ་རེད། ཅི་འདྲའི་དགོད་བྲོ་ཨང་། ཡིན་ཡང་ངས་མཆན་ཉོག་དེ་དག་ལ་དུས་ཚོད་གསེར་འདྲ་བ་བཏང་ནས་ལན་བརྒྱབས་འདོད་མེད། གང་ལགས་ཤེ་ན་བསྙོན་འཛུགས་དེ་དག་གཞི་མེད་ཡིན་པ་ཁ་བརྡ་དྲ་བ་སོགས་སུ་གསལ་བོར་ཆགས་ཟིན་ཅིང་། ཁོ་ཚོས་དྲི་བ་མང་པོ་ཞིག་ལ་བཀའ་ཁྲི་མཆོག་གིས་མདོ་སྔགས་ཟེར་བར་བཏབ་པའི་ལན་དེ་ལས་གསལ་བོར་ཆགས་ཟིན། གོ་སྐབས་འདི་བརྒྱུད་ནས་ལྷ་རམས་འཇམ་ནོར་དུ་འབོད་པའི་རྟོག་གེ་མགོ་མཁྲེགས་དེ་ལ་ཞུ་རྒྱུར་ཁྱེད་ལ་བྲི་རྒྱུ་ཡོད་ན་བྲིས་ཤོག འདིར་རིག་པའི་རལ་གྲི་ནམ་ཡང་ཤེས་རབ་ཀྱི་མཁའ་དབྱིངས་སུ་འཕྱར་འཕྱར་བ་ཡིན།
སྒྲུང་གཏམ་པ་འཇམ་ནོར་ལ་བཤད་རྒྱུའི་སྐད་ཆ་འགའ།

སྒྲུང་གཏམ་པ་འཇམ་ནོར་གྱིས་བོད་ཀྱི་སྤྱི་ཚོགས་དབྱིན་ཇིའི་སྒྲུང་གཏམ་མི་སྣ་ཤར་ལོག་ཧོམ་གྱིས་དཀྲུགས་པ་འདྲ་ཞིག་དཀྲུགས་རྗེས། ད་དུང་འདོད་པ་མ་ཚིམས་པར་ཨ་རི་ནས་ཁ་སྟོང་ནང་གི་ཚིག་སྟོང་ས་བསྒྲགས་གནམ་བསྒྲགས་བྱས་ཏེ་གོང་༧རྒྱལ་བ་རིན་པོ་ཆེ་ནས་མགོ་བཙུགས་ཏེ་སྐྱོན་བརྗོད་དང་ཟུར་ཟ་བྱས་པ་བགྲང་གིས་ག་ལ་ལོངས་། དེང་སྐབས་ཡང་བཀའ་ཁྲི་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་ཚིག་ཅིག་ལ་འཇུས་ནས་ཧ་ལམ་བཀའ་ཁྲི་མཆོག་གིས་རྒྱ་མིར་མགོ་འབུལ་ལུས་འབུལ་གནང་ཚར་བ་ལྟར་ཟུར་ཟ་བྱེད་བཞིན་འདུག ང་ནི་སྔོན་མར་འཇམ་དབྱངས་ནོར་བུ་རུ་འབོད་པའི་མཁས་པ་དེར་རེ་བ་ཡོད་མཁན་ཞིག་ཡིན་པར་མ་ཟད། ཁོས་བརྩམས་པའི་ཤར་ལོག་ཧོམ་གྱི་དཀྱིལ་འཁོར་ཞེས་པ་དེ་ཀློག་འདོད་ཀྱང་ཤུགས་དྲག་པོ་བྱུང་མྱོང་། མ་གཞི་སྒྲུང་གཏམ་དེའི་ཁ་བྱང་ལ་བལྟས་ན་བོད་ཀྱི་ནང་ཆོས་ལ་ཟུར་ཟ་བྱས་པ་ཞིག་ཡིན་པར་འདྲ་བོ་འདུག་པར་མ་ཟད་། ལ་རྩེ་དཔེ་མཛོད་ཁང་གི་བཅར་འདྲི་ཞིག་གི་སྐབས་འཇམ་ནོར་གྱིས་དེ་ནི་དུས་འཁོར་གྱི་དཀྱིལ་འཁོར་ཡིན་ཚུལ་དང་དུས་འཁོར་ནི་ནང་ཆོས་མིན་ཚུལ་བཤད་འདུག་པས། ངོ་མ་ཁོ་ནི་གསང་སྔགས་ཀྱི་བསྟན་པར་རྨ་འབྱིན་མཁན་ཞིག་ཀྱང་ཡིན་པར་འདྲ། ད་རེས་ཀྱི་བཀའ་ཁྲི་མཆོག་གི་གསུང་ལ་སྐྱོན་བརྗོད་བྱེད་སྟངས་དེ་ངོ་མ་བྱས་ན་རྒྱ་མིའི་ཕྱོགས་ནས་ཡོང་དགོས་ཀྱང་དེ་ལྟར་མ་ཡོང་བར་བོད་རང་བཙན་རྩོད་མཁན་དུ་གྲགས་པའི་སྐུ་དྲག་གི་བུ་ཕྲུག་འཇམ་ནོར་གྱི་ཁ་ནས་ཡོང་བ་དེའང་ཡ་ཆ། སྐབས་འདིར་ང་ཕོད་ངག་དབང་འཇིགས་མེད་ལྷ་ཡལ*་དེ་ཡང་བསྐྱར་དྲན་གསོས་བྱུང་།
*ལྷ་ཡལ་ཞེས་པ་ངའི་ཕ་ཡུལ་གྱི་ཡུལ་སྐད་དེ་གྲོངས་ཟིན་པའི་མི་ལ་སྦྱར་བའི་ཚིག་ཅིག

No comments:

Post a Comment