Monday, December 16, 2013

ཉིན་ཞག་གི་ཐ་མག (སྙན་ཚོམ།)



སྙིང་གཏམ།

སྙིང་གཏམ་ཚིག་གསུམ་བཤད་ན།
ཁྱེད་མེད་དུས།
ངའི་སེམས་པ་སྟོང་ལྷོང་ལྷོང་གི་ཚོར་བས་གང་ཞིང་།
ཀླད་པར་ན་བུན་ཞིག་འཐིབ་འོང་སྟེ།
ཅི་ཡང་འཆར་རྒྱུ་མེད་པར་འགྱུར་འགྲོ།

དེར་མ་ཟད། དུས་ཚོད་ཀྱི་ཤོག་ལྷེ་དབྱི་རྒྱུ་ནི།
ཅི་ལས་ཀྱང་དཀའ་བ་འདུག་གོ་བུ་མོ་ལགས།
༢༠༡༣ ༡༨

ཉིན་ཞག་གི་ཐ་མག

ཁྱེད་མེད་པའི་ཉིན་ཞག་གི་ཐ་མག་འདི།
དབུགས་ཐེངས་གཅིག་གིས་འཐེན་རྗེས།
མཚོ་མོ་བཞིན་གྱི་ཁྱེད་ཀྱི་པང་ཁུད་དུ་ལོག་ནས།
མཐའ་དང་ཟད་དུ་མེད་པའི་བརྩེ་བའི་རྐྱལ་ལ་རོལ་འདོད།
                   ༢༠༡༣ ༢༠
ཆར་དུས་ཀྱི་སྙན་ངག

ཆར་པ་འདི་སེམས་ཚོར་གྱིས་བྱུར་བུར་གཏམས་པའི་ཚུལ་གྱིས་ལུད་འོང་དུས།
དྲག་རླུང་འདི་ཡ་ཆུང་གི་སྡུག་བསྔལ་གང་ཞིག་ལྟར་ལྡང་འོང་དུས།
ངས། ཉིད་འོད་ཀྱིས་ཁྱབ་པའི་གངས་རི་ལྟར་གྱི་ཁྱེད་ཀྱི་འཛུམ་མདངས་དེ་སྙིང་ཁར་སྒོམ་བཞིན་ཡོད།

༢༠༡༣ ༢༡

No comments:

Post a Comment