Monday, January 30, 2012

ཝཱ་ཎའི་དགོང་དྲོ།

----འདྲ་པར་འགའ་ལ་སྦྱར་བ།


ཉི་མ ཕྱོགས་རིས་ཆེ་བའི་དཔོན་པོ་ཞིག་ལྟར
ལུས་ཕྱེད་ཀྱིས་འཕང་མཐོ་བའི་དངོས་པོ་དག་ལ་འོད་ཟེར་བཀྱེ
ཐལ་རྡུལ་འདྲེས་པའི་རླུང་བུ་ཞིག་ལྡང་འོང་སྟེ
ངའི་ལུས་སེམས་གཉིས་ཀ་འཁྱག་པར་བསྒྱུར

 

ང་ནི་བརྩེ་དུང་གི་ཕམ་ཁ་ཐེབས་པའི་གཞོན་ནུ་ཞིག་ཡིན་པའི་དབང་དུ་བཏང་ན
ལྕགས་ལམ་འཁྱག་པ་འདིའི་ཐོག་ཏུ་མགོ་བོ་གླན་ཏེ
ཚེ་སྲོག་རྟ་རྔ་ཙམ་པོ་སྐད་ཅིག་གིས་བརླག་ཆོག


བྱིས་པ་འདི་དག་ལས
ངས་བྱིས་དུས་ཀྱི་བོར་ཟིན་པ་ཅི་ཡང་རྙེད་མ་བྱུང
                            ༢༠༡༢   ༡  ༢༩


No comments:

Post a Comment