Monday, January 30, 2012

སྐྱབས་མེད་མགོན་མེད།


འོད་ཟེར་གྱིས་བརྩམས།
འཇམ་དབྱངས་གྲགས་པས་དབྱིན་ཡིག་ལས་བསྒྱུར།

ངས་དེབ་ཅིག་བླངས་ཏེ
ཤོག་ངོས་འགའ་བཀླགས་རྗེས་ཟུར་དུ་བཞག
སྒེའུ་ཁུང་གི་ཕྱི་རོལ་དུ   པེ་ཅིན
གདུང་ཚོར་དྲག་པོས་ཁེངས་འདུག

སྨུག་པའི་ཀློང་ནས   ངས
ཐག་ཉེར་ཡོད་པའི་ཐོག་བརྩེགས་དག་ཀྱང་མཐོང་མི་ཐུབ
ངས་དོ་སྣང་བྱེད་ཡུལ་ངོ་མ་སྟེ
འཇིགས་ཞུམ་བྲལ་བའི་ངའི་ཁྱིམ་མི་དག
དེ་ལས་ཀྱང་ཐག་རིང་ཞིག་ན
མེ་ལྕེའི་ཁྲོད་དུ་གནས་ཡོད  ཁོ་ཚོར
མདེའུ་དམར་པོ་ཞིག་གིས་གཞུས་སྲིད་དམ
༢༠༡༢་ལོའི་ཟླ་བ་༡ཚེས་༡༧ལ


མཆནཿལོ་འདིའི་ཟླ་བ་དང་པོའི་ཚེས་༡༤ཉིན་རྔ་བའི་གྲྭ་བ་ཞིག་གིས་རང་ལུས་མེ་བསྲེགས་གནང་སྐབས།  ཉེན་རྟོག་པས་བཅར་རྡུང་བྱས་ཏེ་ཕྱི་མའི་ལམ་དུ་བརྫངས་ཡོད། ཕྱི་ལོ་༢༠༠༩ལོའི་ཕྱི་ཟླ་གཉིས་པའི་ཚེས་༢༧ནས་ད་བར་བོད་མི་བཅུ་བདུན་གྱིས་རང་ལུས་མེ་བསྲེགས་བཏང་ཟིན་ཅིང་། དེ་དག་ལས་བཅུ་གཉིས་ཀྱིས་ཚེ་སྲོག་མི་རིགས་ཀྱི་དོན་དུ་ཕུལ་ཟིན་པ་དང་། མི་བཞི་ཉེན་རྟོག་པས་ཁྲིད་དེ་ག་སོང་ཆ་མེད་དུ་གྱུར་བས། ད་ཆ་སྐུ་འཚོ་བཞུགས་ཡོད་མེད་ཀྱང་ཤེས་ཀྱིན་མེད། སྐུ་ཞབས་གཅིག་ད་ཆ་སྨས་སྐྱོན་ཚབས་ཆེན་ཕོག་སྟེ་དགོན་པར་ལུས་ཡོད།
དབྱིན་ཡིག་དང་རྒྱ་ཡིག་གི་མ་ཡིག་འདི་ནས་གཟིགསhttp://highpeakspureearth.com/2012/poem-helpless-by-woeser/༽

2 comments:

  1. ངོ་མ་ཚིག་རེ་ཉིས་ཀྱིས་གྲུབ་པའི་སྙན་ངག་འདིས་ད་ལྟའི་བོད་ནང་གི་ངོ་གདོང་གསལ་གསལ་བྱས་སོང་། ཀློག་གིན་ཀློག་གིན་སེམས་པ་ནི་སྙན་ངག་དེའི་ཀློང་དུ་ཐིམ་ཞིང་། ཐིམ་གྱིན་ཐིམ་གྱིན་རང་ཉིད་ཀྱི་སེམས་ལ་ཚ་ཤར་ལངས་ཡོང་།
    འཆམ་ར་བས།

    ReplyDelete
  2. འཆམ་ར་བས་སྐོར་ཞིག་བརྒྱབ་ནས་སོང་བ་དགའ་བྱུང་། ང་ཡང་སྙན་ངག་འདིས་ཡིད་ཕྲོགས་ནས་འཇོན་མིན་ལ་མ་ལྟོས་པར་བསྒྱུར་ཤོར་སོང་། མ་ཡིག་ལ་བལྟས་ན་དེ་ལས་སྙན་བ་ཡོད་སྲིད།

    ReplyDelete