Friday, January 13, 2012

སྤྱི་ལོ་གསར་བའི་སྙན་ངག་ཐོག་མ།


རྨི་ལམ་དུ་ཚང་མ་སླེབས་བྱུང་།
མདང་དགོང་མར་ཉལ་རྨི་ལམ་དུ་ཚང་མ་སླེབས་བྱུང

གྲྭ་བ བླ་མ གྲྭ་གཟུགས བླ་གཟུགས།
ཚང་མ་སླེབས་བྱུང
དཔོན་པོ་དེས་སྡང་མིག་བགྲད་བཞིན་སླེབས་བྱུང
མཁས་པ་དེས་མགོ་བོ་དཀྲུགས་བཞིན་སླེབས་བྱུང

དབུས་པའི་གཡོ་འཛུམ ཨ་མདོའི་ཕྲག་དོག ཁམས་པའི་ཞེ་སྡང
ཚང་མ་སླེབས་བྱུང


རང་ཡུལ་གྱི་དོན་དུ་རང་སྲོག་གཏོང་བཞིན་པའི་གཞིས་བཞུགས་ཁོ་ཚོ་དང
ས་ཁུལ་རེའི་དོན་དུ་ཞེན་འཁོན་རྩོད་བཞིན་བྱེས་གྱར་ང་ཚོ
ང་རྒྱལ་དང་ཕྲག་དོག་གིས་དབུགས་ཀྱང་གཏོང་མི་ཐུབ་པའི་མཁས་པར་རློམ་པ་ཚོ
ཞེ་སྡང་དང་མཐོང་ཆུང་གིས་སུ་ཡང་མིག་ལ་མི་འཇོག་པའི་དབང་ཅན་ཚོ
འཐོམ་སྦྲིད་དང་རྨོངས་པས་མགོ་བོའང་འདེགས་མི་ཐུབ་པའི་ཡ་ང་བ་དག
མདོར་ན ང་ལ་འབྲེལ་ཐོགས་པ་ཚང་མ་སླེབས་བྱུང
ཁོ་ཚོ་རེ་རེ་བཞིན ངའི་རྨི་ལམ་དུ་གོ་རིམ་མེད་པར་འཛུལ་བྱུང

དེ་བས་ངས
ལྷག་བསམ་དང་དྲང་བདེན
འཆམ་མཐུན་དང་སེམས་ཤུགས
ཤ་ཞེན་དང་ལ་རྒྱ
ཕྱིར་ཐག་དང་དད་འདུན་བཅས་དུས་གཅིག་ལ་མཐོང་བྱུང་ལ
གཡོ་སྒྱུ་དང་ང་རྒྱལ

ཞེ་སྡང་དང་ཕྲག་དོག
རང་རློམ་བཅས་ཀྱི་ན་ཟུག་ཀྱང་དུས་གཅིག་ལ་མྱངས་དགོས་བྱུང
                                             ༢༠༡༢ ༡ ༡༣


                    གྲོགས་པོ་ཞིག་དང་ལྷན་དུ་སློབ་གྲྭའི་ཡང་ཐོག་ཏུ།





1 comment:

  1. དེ་རིང་ཡང་སེམས་དང་སེམས་པའི་ཧྲག་བར་ནས་སེམས་གཏམ་དམར་པོ་ཞིག་བྲིས་འདུག ད་དུང་མུ་མཐུད་དུ་་་་་་་་་་་་་

    ReplyDelete