Tuesday, August 28, 2012

གངས་ཕྲུག་ཅིག་གི་བསྟོད་དབྱངས།




 






ཉིན་བྱེད་དབང་པོའི་གཟི་བྱིན་དང་ལྷན་དུ།
ཁྱེད་ཉིད་ཀྱི་མཚན་སྙན།
འཛམ་གླིང་གི་མཁའ་དབྱིངས་སུ་ལྡིང་།
ཞི་བདེ་དང་དབུ་མའི་ལམ་ནས།
འཛམ་གླིང་ཡངས་པའི་ཁྱོན་འདིར།
བདེ་སྐྱིད་ཀྱི་ཁོར་ཡུག་བསྐྲུན།

མི་རིགས་དང་མི་རིགས་བར་གྱི་རྩོད་རྙོག་ལ།
ཐུགས་ཁུར་བཞེས་ཤིང་། མཉམ་མཐུན་གྱི་སྨན་ཞུན་སྩལ།
ཁྱེད་ཉིད་ཀྱི་མཛད་བཟང་དེ་ལ། ཁྲི་མ་འབུམ་གྱིས་བསྔགས་བརྗོད་བྱེད་ངེས་ལ།
ང་དང་ང་འདྲ་བའི་ཉམ་ཐག་རྣམས་ཀྱིས་ཀྱང་།
ཡི་རང་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན།
དགའ་དད་སྤྲོ་གསུམ་གྱིས་མཆོད་ལ་ཕུལ།
༢༠༠༣  ༡༢  ༡༠སྟེ་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན་ཉིན།
ཞེས་པ་འདི་ནི་རང་ལོ་བཅུ་བདུན་སྐབས་སུ་བྲིས་ཤིང་། རང་གི་འབྲི་དེབ་ཏུ་འཁོད་པའི་རྩོམ་ཡིག་དང་པོ་དེ་ཡིན།

 

 

 

 

No comments:

Post a Comment