Saturday, December 8, 2012

གཉིད་མི་ཁུག་པའི་མཚན་མོ།

སྐྱིད་པའི་གཉིད་དེ་རྐུན་མས་ཁུར་སོང་བ་ཡིན་ནམ།
དོ་དགོང་ང་གཉིད་གཏན་ནས་མི་ཁུག
གཉིད་གཏན་ནས་མི་ཁུག་པའི་ང་།
སླར་ཡང་གློག་ཀླད་དུ་ཅེར་ཏེ།


དྲ་གྲོགས་ཚོ་དང་བརྗོད་གཞི་སྣ་མང་གི་ཐོག་བགྲོ་གླེང་བྱས།
རང་ལུས་མེ་རུ་སྒྲོན་མཁན་ཚོའི་སྐོར་གྱི་གནས་ཚུལ་ལའང་མིག་གཤེར་ཞིག་བྱས།
ཡིན་ཡང་ཁེར་རྐྱང་གི་སྣང་བ་ཞིག་གིས་ང་དྲ་གྲོགས་ཚོ་དང་མཉམ་དུ་བསྲེས་མ་ཐུབ་ལ།
དཔའ་བོ་དཔའ་མོ་ཚོའི་གནས་ཚུལ་གྱིས་ཀྱང་སྣང་བ་འདི་འགོག་མ་ཐུབ།
ག་རེ་བྱས་པ་ཡིན་ནམ།
ང་ལ་
ག་རེ་བྱུང་བ་ཡིན་ནམ།
ཞིབ་ཏུ་བསམ་དུས་གཉིད་ཀྱི་རྟ་ཕོ་རྐུན་མཁན་ཡང་ཁེར་རྐྱང་གི་སྣང་བ་འགོག་ཐབས་མེད་པ་འདི་ཡིན་པར་འདྲ།
དྲ་གྲོགས་ཤིག་གི་རྒྱབ་ལྗོངས་ཀྱི་པར་རིས་སུ་དབྱིན་ཡིག་ཏུ།
"ང་ལ་གྲོགས་པོ་ཤིན་ཏུ་མང་མོད། ཁེར་རྐྱང་གི་སྣང་བ་འདི་འགོག་ཐབས་མེད་པ་ཅི"ཞེས་བྲིས་འདུག་པ་ནི།
ཆེད་དུ་ང་ལ་བྲིས་པའམ།།
ང་ལ་རྙེད་རྐོ་ཆེད་དུ་བྲིས་པ་དང་འདྲ།
ང་ལ་དྲན་འོས་པའི་མི་མང་པོ་ཞིག་མེད་བཞིན་དུ།
ཁེར་རྐྱང་གི་སྣང་བ་འདིས་ང་འགོག་དོན་ཅི།
ངའི་སེམས་པ་སྲ་ཚུགས་ཐུབ་པ་ཞིག་ཡིན་ནའང་།
དེ་རིང་གང་ཞིག་ཏུ་བཞུར་འདོད་པའི་གཤེར་ཁུར་གྱུར་དོན་གང་།
ཕྱི་རོལ་དུ་སྨག་ཤིན་ཏུ་སྟུག
ངའི་ཉལ་ཁང་གི་གྲོགས་པོ་ཚང་མ་སྐྱིད་པའི་གཉིད་དུ་རོལ་འདུག
ཡིན་ཡང་ངའི་གཉིད་དེ་ཡོང་རྒྱུ་མ་བྱུང་།
དེ་བས་ངས་ངོ་དེབ་ཏུ་སྙན་ངག་འདི་ཐད་ཀར་བྲིས་ཏེ་བཏང་བ་ཡིན།


See More

Unlike · ·

No comments:

Post a Comment