Monday, December 31, 2012

པོ་ཏ་ལ་ལ་ཕུལ་བ།



 

པོ་ཏ་ལ།
ཐམས་ཅད་རུལ་མྱགས་སུ་སོང་བའི་ཤུལ་དུ།
ཁྱེད་གཅིག་པུ་མཐོ་སྒང་གི་ཡང་རྩེ་ནས་འགྲེང་བ་གོ་བས་དགའ།

སྤུན་ཟླ་གྲངས་མེད་ཀྱི་ཚེ་སྲོག་དུས་ཚོད་ཀྱི་རླུང་བུས་ཁུར་ཞིང་།
ང་ཚོའི་མང་པོ་མང་པོ་ཞིག་དུས་ཚོད་ཀྱི་ཡོལ་བས་སྒྲིབ་དུས།

ཁྱེད་གཅིག་པུ་དུས་ཚོད་ཀྱི་ས་རྡུལ་མ་གོས་པ་གོ་བས།
ང་ཚོ་སྟེ་ཕྱི་ཡུལ་དུ་ལོ་གསར་པ་སར་བཞིན་པའི་ཁྱེད་ཀྱི་བུ་ཕྲུག་འཁྱམ་པོ་དག་དགའ་བྱུང་།

 ལོ་ངོ་འདི་དག་གདོན་འདྲེ་ཞིག་དང་འདྲ་བར།
ང་ཚོའི་ཡོད་ཚད་ལ་སྤྲང་ལག་འཆང་ནས་སོང་ཞིང་།
ང་ཚོའི་ཡོད་ཚད་སྦགས་བཙོག་བསྒྱུར་ཏེ་སོང་བས།
ང་ཚོ་ལ་དྲི་མའི་མ་གོས་པའི་ཅ་དངོས་མང་པོི་ལུས་མི་འདུག
དེ་བས། དུས་ཚོད་ཀྱི་བསླུ་བྲིད་དུ་ཚུད་མི་ཉན།
དུས་ཚོད་ཀྱི་བསླུ་བྲིད་ལས་འགོངས་དགོས། གོ་ཨེ་བྱུང་། ང་ཚོའི་ཨ་མ་ལྟ་བུའི་ཡིད་འོང་མ།

༡༠༡༣    ཞོགས་པ་ཆུ་ཚོད་00:11ལ་དྲ་ཐོག་ཏུ་ཐད་ཀར་གཏགས་ཏེ་བཏང་།

 

No comments:

Post a Comment