Saturday, December 8, 2012

གློག་ཀླད་དྲ་བའི་ནང་གི་འཇིགས་པ།



 གཟབ་གཟབ་བྱོས།
མདའ་རྩེ་འགུལ་བ་ཙམ་གྱིས་དྲ་འབུ་གྲངས་མེད་ཀྱི་ལུས་ཕུང་ཚལ་བར་བཤགས་པར་ངེས།
གོམ་པ་གང་འདོད་མ་སྤོ།

གོང་མ་དཔོན་ལ་ཕོག་ཐུག་གཏོང་ཀྱང་སྲིད།
རང་ཁ་གསེར་གྱི་སྒོ་མོ་བདག་པོ་རྒྱོབས།
རང་ལག་འགུལ་བའང་མ་མང་།
རབ་བྱུང་ན་མགོ་བོ་གཉའ་ཤིང་ཚད་ལ་ཕབ་ནས་ཐད་ཀར་མདུན་དུ་བསྐྱོད།
མདོར་ན་དྲ་བ་ནི་རང་དབང་གི་ཁོར་ཡུག་གོ་ཞེས་སྨྲ་བ་མ་མང་།
༢༠༡༢ ༡༡ ༢༠


No comments:

Post a Comment