Saturday, December 15, 2012

THE HOME-TRUTH

            Li Bai
My office has grown cold today,
And i suddenly think of my mountain friend
Gathering firewood down in the valley
Or boiling white stones for potatoes in his hut,
 I wish i might take him a cup of wine
 To cheer him through the evening storm,
But in fallen leaves that have heaped the bare slopes,
How should i ever find his footprints!

དེ་རིང་གྲང་སྣང་ཞིག་གིས་ཡིག་ཚང་བཀང་གྱུར་པས།།
བདག་གི་རི་ངོགས་གྲོགས་པོས་རི་ལས་ཤིང་སྒྲུག་པའམ།།
ཁང་པར་ཞོ་ཁོག་བསྲེག་ཕྱིར་རྡོ་དཀར་བཀོལ་བའི་ཚུལ།།
ཡིད་ལ་དྲན་པར་གྱུར་ཅིང་དགོང་མོའི་རླུང་འཚུབ་ཁྲོད།།
ཁོང་གི་སྐྱོ་བ་བསང་ཕྱིར་ལྦུ་ཆང་འདེགས་འདོད་མོད།།
ལོ་མ་འཐོར་བར་གྱུར་ཏེ་རི་ངོགས་བཀབ་གྱུར་པས།།
ཕྲན་གྱིས་ཁོང་གི་རྐང་རྗེས་ཇི་ལྟར་འཚོལ་དགོས་སམ།།



THE HOME-TRUTH

---Lobsang Wangdue---

will walk away from you,
By then the wine will by my only company
Throughout the night to share the sad story,
It has grown so hard to see the truth
For we lived through confusion and misunderstanding,
I was tempted and deluded.

ངེད་གཉིས་རྨོངས་དང་གོ་ལོག་གིས་བཅིངས་པས།།
བདེན་པ་ངོ་མ་མཐོང་བ་དཀའ་མོ་གདའ།
ང་ནི་མགོ་སྐོར་བསླུ་བྲིད་ཀྱིས་བསྡམས་པས།།
ཁྱེད་དང་བྲལ་ནས་རྒྱང་དུ་འགྲོ་རྒྱུ་ཡིན།།
དེ་དུས་མཚན་གང་ང་ཡི་སྐྱོ་སྒྲུང་ལ།།
ཉན་པའི་གྲོགས་ནི་ལྦུ་ཆང་ལས་གཞན་སུ།།




 

No comments:

Post a Comment