Friday, December 27, 2013

བཙོན་ཁང་བཞུ་སྣོད་ཏུ་གྱུར་སོང་།



----ཌེས་མཱོན་ཊུ་ཊུ་ཡིས་མཱན་ཌེ་ལ་གླེང་བ།


For 27 years, I knew Nelson Mandela by reputation only. I had seen him once, in the early 1950s, when he came to my teacher-training college to judge a debating contest. The next time I saw him was in 1990.
ལོ་ངོ་ཉི་ཤུ་རྩ་བདུན་ཙམ་ལ་ངས་ནེལ་སཱོན་མཱན་ཌེ་ལ་མཆོག་གྲགས་པ་ཁོ་ནར་བརྟེན་ནས་ངོ་ཤེས་བྱུང་། གཅིག་དགུ་ལྔ་བཅུའི་ནང་དུ་ཁོང་ངའི་དགེ་ཐོན་སློབ་གྲྭར་བགྲོ་གླེང་ཞིག་གི་སྐབས་གཟུར་དཔང་བར་ཕེབས་སྐབས་ཐེངས་ཤིག་མཇལ་མྱོང་ཡོད། ངས་ཁོང་མཇལ་བ་ཐེངས་རྗེས་མ་དེ་གཅིག་དགུ་དགུ་ཅུའི་ལོར་རེད།

རྗེ་ཙོང་ཁ་པ་ལ་ཕུལ་བའི་སྙན་ངག་ཚན་པ་གཉིས།



ཙོང་ཁ་པ།

ཙོང་ཁ་པ།
དུས་རབས་འགའི་ཡར་སྔོན་དུ།
ཁྱེད་ཉིད་བཞུད་ཟིན་འདུག
སྙན་གྲགས་དང་མཛད་རྗེས།
ད་དུང་། སློབ་ཚོགས་གྲངས་མེད་ཅིག་བཞག་ནས་བཞུད་ཟིན་འདུག

Monday, December 23, 2013

ཁྱེད་རང་ཁུ་སིམ་མེར་བུད་སོང་འདུག ཁུ་སིམ་མེར་ཡོང་བ་བཞིན་དུ།



དགུན་གྱི་གྲང་རླུང་ཤིན་ཏུ་རྩུབ་པའི་དུས་ཚིགས་འདིར།
ཁྱེད་རང་ཁུ་སིམ་མེར་བུད་སོང་འདུག ཁུ་སིམ་མེར་ཡོང་བ་བཞིན་དུ།
ཁྱེད་ཀྱིས་ང་ལ་རྟགས་དང་མཚན་མ་ཙམ་ཡང་མ་བཞག་པར་བུད་སོང་འདུག
ཁྱེད་ཀྱིས་ལམ་དུ་རྐང་རྗེས་ཙམ་ཡང་མ་བཞག་པར་བུད་སོང་འདུག

Monday, December 16, 2013

ཉིན་ཞག་གི་ཐ་མག (སྙན་ཚོམ།)



སྙིང་གཏམ།

སྙིང་གཏམ་ཚིག་གསུམ་བཤད་ན།
ཁྱེད་མེད་དུས།
ངའི་སེམས་པ་སྟོང་ལྷོང་ལྷོང་གི་ཚོར་བས་གང་ཞིང་།
ཀླད་པར་ན་བུན་ཞིག་འཐིབ་འོང་སྟེ།
ཅི་ཡང་འཆར་རྒྱུ་མེད་པར་འགྱུར་འགྲོ།

Thursday, December 12, 2013

ཟླ་འོད་འོག་ཏུ་ལི་པེ་ལ་བྲིས་པ།


ལོ་དང་ཟླ་བའི་ས་རྡུལ་གྲངས་མེད་ས་གཞིར་འཐོར་བའི་མར་ལོག་ཏུ།།
ཁྱེད་ཀྱིས་བསིལ་ཆང་གྲོགས་སུ་བསྟེན་ཏེ་སྙན་ངག་བྲིས་པའི་ཐག་རིང་ཏུ།།
ང་ཡིས་གཅིག་པུར་ཟླ་བའི་འོག་ཏུ་གློག་ཀླད་ཁ་སྒོ་ཕྱེ་བྱས་ཏེ།།
སྙན་ངག་པ་ཁྱེད་ཡོད་པའི་ཁུལ་གྱིས་ཁ་བརྡ་ལན་ཞིག་བྱེད་པར་འདོད།།



Tuesday, November 26, 2013

ང་རང་ལྟ་བུའི་ཉིན་ཞིག

------ཁྱེད་རང་རྨི་ལམ་དུ་མཇལ་རྗེས།

རླུང་བུ་ཞིག ཁྱེད་དྲན་བཞིན་པའི་ངའི་སེམས་པ་ལྟར།
འཁྱག་ཤུར་ཤུར་ལྡང་བྱུང་།
གནམ་རྒན་མོས་ཀྱང་། བརྩེ་བའི་གཟེབ་ཏུ་ཚུད་པའི་ཁོ་བོ་ལྟར།
གདོང་གནག་ཐུབ་ཚོད་ཅིག་གནག་རྗེས།
མིག་ཆུ་ལྟ་བུའི་ཆར་ཐིགས་འགའ་གཏོར་མོད།
ལོ་ཉེས་བྱུང་ཟིན་པའི་ཞིང་པ་ཚོར།
ཆར་ཐིགས་འགའ་དེས་ཅི་ཞིག་བྱ་ཨང་།
(ཁྱེད་དང་ཞིང་པ་ཚོ་མི་མཚུངས་ནའང་།)
ངའི་མིག་ཆུ་ཁྱེད་ལ་ཕན་ཐོགས་མེད་པ་ཇི་བཞིན།

Monday, November 18, 2013

ང་ཁྱེད་ལ་དགའ་བ་དེ་དགའ་བ་གང་ལས་ཀྱང་ལྷག




གཉིད་མི་ཁུག་པའི་མཚན་མོ་འདིར།
ངས། ང་མི་གྲག་པའི་བུ་མོ་ཁྱེད་དྲན།
སྟོང་འདང་གི་ཁྲོད་ནས།
ངེད་གཉིས་ཀྱིས་མཁར་གཞིས་བརྩིགས་ཤིང་བུ་ཕྲུག་བཙས་ཏེ།
ཁྱིམ་ཚང་ཞིག་གི་དབུ་ཁྱུད་བྲིས།

སྙིང་རྗེ་མེད་པའི་བུད་མེད་མཛེས་མ།


La belle dame sans mercy*

ང་ཅི་ཙམ་ཁྱེད་ལ་ཉེ་བར་བཅར་ཐབས་བྱས་ཀྱང་།
ཁྱེད་དང་རྒྱང་རིང་དུ་གྱེས་འགྲོ་བ་འདི་ཅི།

ངས་ཁྱེད་མེ་ཏོག་ཅིག་ཏུ་བསམས་ནས།
ལག་པ་ཕར་ལ་བསྲིངས་མོད།
ཁྱེད་ནི་འཇའ་ཚོན་ཞིག་དང་འདྲ་བར།
ལག་ཏུ་ཡེ་ནས་འཛིན་ཐབས་མ་བྱུང་།

Saturday, November 9, 2013

གཤིས་བཟང་མ།

---- ཁྱེད་ཀྱི་སྙན་ངག་ལ་མཉན་རྗེས།

རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་ཞིང་ཁམས་ནས།
ངས་སྡུག་བསྔལ་མ་ཡིན་པའི་སྡུག་བསྔལ་གཞན་ཞིག་མྱོང་།
ད་ལྟ།  ངས་སུ་ཡང་མི་དྲན་པར།
ཁྱེད་ཁོ་ན་སེམས་ཀྱི་ཁང་བཟང་དུ་བཞེངས་ནས།
བདུག་པ་ལྟ་བུའི་སེམས་ཚོར་གཞན་ཞིག་མེ་རུ་སྦར་གྱིན་ཡོད།
ཡོན་ཆབ་ལྟ་བུའི་སྐྱོ་གདུང་གཞན་ཞིག་ཆུ་རུ་བཞུར་གྱིན་ཡོད།

Thursday, October 17, 2013

ཆམ་ནད་གླུ་རུ་གྱེར་བ།



 ཝཱ་ཎའི་གནམ་གཤིས་མཛེས་མའི་སེམས་ཁམས་འདྲ་བས།།
ཁ་སང་དྲོ་ལ་དེ་རིང་འཁྱག་པར་གྱུར་འདུག །
ང་ནི་གླེན་པ་གནམ་གཤིས་ཡིད་ཆེས་བྱས་ཏེ།།
དེ་རིང་ཆམ་ནད་ལྕི་མོས་ལུས་པོ་མནར་སོང་།།



Monday, October 14, 2013

གནམ་རྒན་མ་ངུས་ངུས་པས།



གནམ་རྒན་མ་ངུས་ངུས་པས།
ད་ནི་ངའི་མིག་ཆུའང་རྫོགས་སོང་བར་འདྲ།
གཡུ་འབྲུག་སྔོན་མོའི་མཇུག་མར་འཇུས་འཇུས་པས།
ད་ནི་མགོ་བོའང་གཟེར་བྱུང་།
བུ་མོ་དེ་གང་དུ་བུད་སོང་། ལྷ་མོ་དེ་གང་ལ་ཆས་སོང་།
བརྩེ་བ་རུམ་གང་ཉར་བའི་བུ་མོ་ཡ། ཁྱེད་གང་དུ་ཡོད།

                                                ༢༠༡༣  ༡༠  ༡༤ཆར་པ་རྫོགས་རྒྱུ་མེད་པ་ཞིག་བབས་རྗེས།

ཆར་པའི་ཁྲོད་ཀྱི་ཁེར་ལབ་ཐན་ཐུན།



ཆར་པས་གཙེས་པའི་བྱེའུ་ཆུང་ཁེར་རྐྱང་དེ།
སྐམ་ལ་རེ་བའི་ལོ་མ་སྐྱ་བོ་དེ།
ཆར་ཆུ་ལ་སུན་པའི་ཤིང་སྡོང་ཁེར་རྐྱང་དེ།
ཨ་མ་ཕྱི་རོལ་དུ་བུད་སོང་ཞིང་། ནང་དུ་ཁྱིམ་མི་གཞན་མེད་པའི་བྱིས་པ་ཁེར་རྐྱང་དེ།
རོགས་ལོ་རྔོན་པས་བསད་སོང་བའི་ཡུ་མོ་ཁེར་རྐྱང་དེ།
ཤུགས་རིང་ནར་ནར་གྱིས་རང་གི་མཛའ་བོར་སྒུག་བཞིན་པའི་བུ་མོ་ཁེར་རྐྱང་དེ།

Saturday, October 12, 2013

དྲག་ཆར་ཞིག་གི་རྗེས་སུ།



ཁྱེད་མཚོ་བྱུང་ལྷ་མོར་སྤྲུལ་ནས།
ང་ལ་སྙན་ངག་གི་དངོས་གྲུབ་གནང་བྱུང་།
ངས་རང་སེམས་ཀྱི་ཕུག་པ་རུ།
འཇའ་ཚོན་གྱི་དར་ཐག་ལ་འཇུས་ནས།
རང་ཉིད་ནི་འཇིག་རྟེན་ཐོག་གི་མི་སྐྱིད་ཤོས་དེ་ཡིན་སྙམ།

དྲག་ཆར་དེའི་འཇིགས་པས་ང་དངངས་པར་རྩོམ་དུས།
ང་ལ་ཁོད་ཡངས་པའི་ཆར་གདུགས་ཤིག་གི་རེ་འདོད་ཅི་འདྲའི་ཆེ་ཨང་།
ཡིན་ཡང་། སྒྱུ་འཕྲུལ་གྱི་གར་ལ་ཐོགས་པ་མེད་པའི་ཁྱེད།
ཆུ་འཁྱག་ཕོར་བ་གང་དུ་སྤྲུལ་ནས།
ངའི་བྲང་ཁ་ནས་བཞུར་ཏེ།
ངའི་གློ་སྙིང་མཆིན་གསུམ་བརླན་པར་བསྒྱུར་སོང་། གྲང་མོར་བསྒྱུར་སོང་།

Wednesday, October 9, 2013

ཆར་དུས་ཀྱི་སྙན་ངག


The poem of monsoon 
(translated into English by the author along with Lobsang Wangdue and done some poetic brushes by Lobsang Wangdue)



གཡེང་བ་སྤངས་ནས་བློ་རིག་སྒྲིམ་བཞིན་དཔེ་ཆ་ཀློག་པར་འབད་པའི་སྐབས།།
ཁོ་བོས་སྐད་ཅོར་ཆུང་ཚགས་ཀྱིས་ཀྱང་ཁྱེད་ལ་གནོད་པ་མི་བྱེད་ཕྱིར།།
དཔེ་ཁང་ཧྲིལ་བོའི་སྒེའུ་ཁུང་ཡོངས་རྫོགས་དམ་པོར་འདོན་ལ་བརྩོན་པར་མོས།།
When you bend your head on one side, with a book in your hand, and try to get engrossed in your reading, I want to shut all the windows to make sure that nothing disturbs you.

Sunday, October 6, 2013

ནམ་ཞིག་ལ་ངེད་གཉིས་ཀྱིས་འཚོ་བའི་ཆར་གདུགས་གཅིག་གི་འོག་ཏུ་ཆར་གཡོལ་བྱ་སྲིད་དམ།

ངས་དུས་ཡུན་རིང་པོ་ཞིག་གི་རྗེས་སུ་སླར་ཡང་རྟོག་བཏགས་ཀྱི་ཞིང་ཁམས་ཤིག་ཡིད་མཁར་བཞེངས།
ཞིང་ཁམས་དེར་ཁྱེད་ཀྱིས་ལྗང་མདོག་གི་སྟོད་ཐུང་ཞིག་དང་སྔོ་མདོག་གི་ཕྱུ་པ་ཞིག་གྱོན་སྟེ།
ཤིན་ཏུ་བག་ཡངས་ཀྱིས་རྒྱུ་ཞིང་།
སུའང་ཡིད་སེམས་གཡོ་བར་བྱེད་པའི་འཛུམ་མདངས་དེས་ཞིང་ཁམས་དེར་མཛེས་སྡུག་གཞན་ཞིག་བསྣན་འདུག
ངས་ལག་གཡས་སུ་པིར་ཞིག་ཐོགས་ནས་ལག་གཡོན་པས་འགྲམ་པ་སྐྱོར་བཞིན།
མཛེས་སྡུག་ལྡན་པའི་ཞིང་ཁམས་དེར་ད་དུང་ཅི་ཞིག་ཁ་སྣོན་བྱེད་དགོས་མིན་ལ་མནོ་བསམ་གཏོང་བཞིན་པའི་སྐབས།

Saturday, August 24, 2013

བརྡ་སྤྲོད་བསླབས་ཆེས་པའི་ཉེས་དམིགས།

བརྡ་སྤྲོད་བསླབས་ཆེས་པའི་ཉེས་དམིགས།
  ----བཙན་བྱོལ་བའི་རིག་གནས་སློབ་གསོ་མདོར་ཙམ་གླེང་བ།


བཙན་བྱོལ་དུ་འབྱོར་ནས་ལོ་ངོ་བཅུ་ཕྲག་ལྔ་ཙམ་སོང་རྗེས་རང་རེའི་མི་རིགས་སློབ་གསོས་བརྒྱུད་པའི་ལམ་བུ་ལ་ཕྱིར་བལྟས་ཤིག་སློག་སྐབས་དེ་འདྲ་ཡིད་ཚིམས་པ་ཞིག་མ་རེད། དེ་བས་བསམ་ཡོད་བསམ་མེད་ཚང་མས་སློབ་གསོའི་གནས་བབ་འདི་བསྒྱུར་དགོས་པའི་བསམ་ཚུལ་འཆང་གིན་ཡོད་ལ། འབུམ་རམས་པ་བློ་བཟང་སེང་གེ་མཆོག་སྲིད་ཁྲིར་ཕེབས་དུས་ཀྱང་ཤེས་ཡོན་ནི་ཁོང་གི་དམིགས་གཏད་གཙོ་བོ་ཡིན་པའི་བསྒྲགས་གཏམ་སྤེལ་གནང་ཡོད།

དེ་ལ་༧གོང་ས་རྒྱལ་བ་ཐམས་ཅད་མཁྱེན་པས་ཀྱང་དུས་ནས་དུས་སུ་བཀའ་གནང་ཡོད་པ་དཔེར་ན། གཅིག་དགུ་

Wednesday, May 1, 2013

བོད་ཀྱི་སྤྲུལ་སྐུ་རྗེས་མ་ཡིན་སྲིད་དམ། ངོ་མ་ཡིན་ནམ།




འབུམ་རམས་པ་བསྟན་འཛིན་རྡོ་རྗེས་བརྩམས། འཇམ་དབྱངས་གྲགས་པས་བསྒྱུར།

འཇམ་དབྱངས་ནོར་བུས་བརྩམས་པའི་“བོད་ཀྱི་སྤྲུལ་སྐུ་རྗེས་མ་ཡིན་སྲིད་དམ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་དང་འབྲེལ་བའི་རྩོད་རྙོག་དང་། མགོ་འཐོམས། ལྐོག་ཇུས་ཀྱི་སྐོར།”ཞེས་པའི་རྩོམ་ཡིག་འདིའི་ནང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་བྱུས་དང་། དབུ་ཁྲིད་སྟངས། མང་གཙོ་བཅས་ཀྱི་སྐོར་ལ་བསམ་ཚུལ་གནད་འགག་ཅན་འགའ་འཁོད་འདུག ཐོག་དང་པོར་ངས་ང་ཚོའི་ད་ལྟ་དང་མ་འོངས་པར་འབྲེལ་བའི་བརྗོད་གཞི་རྣམས་ཀྱི་ཐོག་བགྲོ་གླེང་བྱེད་འདོད། དེ་ནི་མང་གཙོའི་ལམ་ལུགས་ཀྱི་ནང་དུ་ལས་ཀ་ཚགས་ཚུད་པོ་ཡོང་བ་དང་ཐག་གཅོད་བྱེད་ཕྱོགས་ཀྱི་ཐད་གལ་ཆེན་པོ་ཆགས་ཡོད། རྩོམ་ཡིག་འདི་དང་འབྲེལ་ནས་གླེང་ན་ངས་གནད་དོན་འགའ་ཞིག་གི་ཐོག་ལྟ་ཕྱོགས་མ་འདྲ་བའི་སྒོ་ནས་བགྲོ་གླེང་བྱས་ཡོད།

Monday, April 29, 2013

ང་ཧ་ལས་སོང་།


བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ཀྱིས་བརྩམས།

འཇམ་དབྱངས་གྲགས་པས་བསྒྱུར།

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་༸གོང་ས་མཆོག་འཛམ་གླིང་ཞི་བདེ་སྐྲུན་མཁན་གྱི་མཚན་སྙན་རྒྱས་བཞིན་པར་ཁ་གཏོད་གཅོག་ཕྱིར་དང་། ཁྲིམས་འགལ་གྱིས་བོད་ལ་བཙན་འཛུལ་བྱས་པ་དེ་ཁྲིམས་མཐུན་བྱ་ཕྱིར། བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱུན་མི་ཆད་པར་མཚན་སྨད་བྱེད་བཞིན་ཡོད། སྐྱོན་བརྗོད་འདི་དག་ལ་བདེན་པའི་ཆ་ཅུང་ཟད་ཀྱང་མེད་ལ་འཛམ་གླིང་གི་སྐྱེ་བོ་རྣམས་ལའང་མགོ་སྐོར་བཏང་ཐུབ་མེད་མོད། ཡིན་ཡང་འཛམ་གླིང་ས་ཁུལ་གང་སར་གནས་པའི་བོད་མི་རྣམས་ཁོང་ཚོའི་འཐབ་རྩོད་ཀྱི་ཆེས་དཀའ་ཚེགས་ཅན་གྱི་དུས་སྐབས་ལ་ཁོ་ཚོ་བྱམས་ཀྱིས་སྐྱོང་བར་མཛད་པའི་བླ་ན་མེད་པའི་དབུ་ཁྲིད་ཁོང་ལ་གཞི་མེད་བསྙོན་འཛུགས་ཀྱིས་སྐྱོན་བརྗོད་བྱས་པར་ཁོང་ཁྲོ་དང་བློ་ཕམ་ཚད་མེད་ཡོང་གིན་ཡོད།

Sunday, March 3, 2013

Robert Frost quotes རོ་བྷེ་ཊ་ཧྤ་རོ་སི་ཊིའི་འཁོལ་ཚིག


The brain is a wonderful organ; it starts working the moment you get up in the morning and does not stop until you get into the office
ཀླད་པ་འདི་ཡན་ལག་ཡ་མཚན་ཅན་ཞིག་རེད།  ཞོགས་པར་ལངས་པ་དང་འདིས་ལས་ཀ་བྱེད་མགོ་འཛུགས་ཤིང་ལས་ཁུངས་སུ་མ་སླེབས་བར་དུ་མཚམས་མི་བཞག
A mother takes twenty years to make a man of her boy, and another woman makes a fool of him in twenty minutes.
ཨ་མ་ཞིག་ལ་མཚོན་ན་རང་གི་བུ་དེ་མི་ཆ་ཚང་བར་བྱེད་པར་ལོ་ཉི་ཤུ་ཙམ་འགོར་མོད།  བུད་མེད་གཞན་ཞིག་གིས་ཁོ་རྨོངས་པར་བྱེད་པར་སྐར་མ་ཉི་ཤུ་ལས་མི་འགོར།

Tuesday, February 26, 2013

བཟི་ཞིག


 
ཆར་ལེས་བྷོ་ཌེ་ལེར་གྱིས་བརྩམས།
ལུའུ་སི་སིམ་སཱོན་གྱིས་དབྱིན་ཡིག་ཏུ་བསྒྱུར།
འཇམ་དབྱངས་གྲགས་པས་བོད་ཡིག་ཏུ་བསྒྱུར།
 
ཁྱེད་རྟག་ཏུ་བཟི་བར་འོས། དེ་ནི་ཁྱེད་ལ་ཡོད་པའི་ལམ་བུ་གཅིག་པུ་དེ་རེད། ཁྱེད་ཀྱི་སྒལ་བ་གཅོག་པར་བྱེད་ཅིང་། ཁྱེད་ས་ལ་སྦྱོར་བར་བྱེད་པའི་དུས་ཚོད་ཀྱི་ལྗིད་ཚོད་འཇིགས་པོ་དེ། ཚོར་མི་འདོད་ན། ཁྱེད་མུ་མཐུད་དུ་བཟི་བར་འོས།

འོན་ཀྱང་ཅི་ཞིག་གིས་བཟིའམ་ཞེ་ན།  ཆང་ངམ་སྙན་ངག ཡང་ན་དགེ་བ་སོགས་ཁྱེད་ཀྱི་འདོད་པ་བཞིན་གདམ་ཆོག  གང་ལྟར་ཁྱེད་བཟི་བར་བྱེད་དགོས།